བང་།སྔ་མའི་པར་གཞི་དེ བྱ་མདོ་ཀླུ་མོ་མཚོ།  ནས 2017-02-22 17:50ལ་འགྲུབ།

བང་།

༡ སྲོག་ཆགས་མྱུར་བར་རྒྱུག་པའི་རྩལ་གྱི་མིང་། ༢ འབྲུ་རིགས་སོགས་ནོར་རྫས་འཇོག་ཡུལ་གྱི་ཁང་བའི་མིང་། ༣ མང་པོ་གྲལ་སྟར་སྒྲིག་པའི་དོན།
1 ལོ་ཙཱ།

རྒྱ་ཡིག 大跑,飞奔,马鸡

དབྱིན་ཡིག 1.running 2.pheasant 3.child birth 4.to get soaked

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ①སྲོག་ཆགས་རྒྱུག་པའི་རྩལ་གྱི་མིང་སྟེ། རི་དྭགས་བང་རྩལ་གྱིས་བརྒྱུགས། རྟས་བང་འགྲན་ལྟ་བུ། ②བང་བ་ཞེས་པའི་ཚིག་བསྡུས་པ། ③བངས་ཀྱི་མ་འོངས་པ་དང་ད་ལྟ་བ།

2.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  名词。[1]མྱུར་བའི་གོམ་འགྲོས། 大跑,快步,飞奔:བང་གཏོང་བ། 放开脚步跑。བང་རྒྱུག་པ། 疾行,迅跑。བང་མགྱོགས་པ་འདོ་བ་རྟ་དང་འདྲ། 快跑如马驰。[2]བྱ་བང༌། 马鸡。生聚于高原森林中的一种野禽。

3.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།   མིང་ཚིག 1 སྲོག་ཆགས་མྱུར་བར་རྒྱུག་པའི་རྩལ་གྱི་མིང་སྟེ། དཔེར་ན། རྟ་ཕོའི་བང་ཁ་འགྲན། རི་དྭགས་ཀྱི་བང་རྩལ་ལྟ་བུ། 2 འབྲུ་རིགས་སོགས་ནོར་རྫས་འཇོག་ཡུལ་གྱི་ཁང་བའི་མིང་སྟེ། བང་བ་ཞེས་པའི་ཚིག་བསྡུས་པ། དཔེར་ན། འབྲུ་བང་། རྩམ་བང་ལྟ་བུ། 3 མང་པོ་གྲལ་སྟར་སྒྲིག་པའི་དོན། དཔེར་ན། སློབ་ཕྲུག་རྣམས་བང་ཕྱི་ནང་བར་གསུམ་བྱས་ནས་བསྒྲིག་ཏུ་བཅུག་ལྟ་བུ། བྱ་ཚིག བྱ་བྱེད་ཐ་མི་དད་པ། དངོས་རྫས་བརླན་གཤེར་གྱི་ནང་དུ་སྦངས་ནས་དེའི་ནང་གི་ཆུའི་ཆ་ཤས་ཇེ་མང་དུ་སོང་བའི་དོན། མ་འོངས་པ། བང་།  ད་ལྟ་བ། བང་།  འདས་པ། བངས།  དཔེར་ན།  མ་འོངས་པ། ཆར་གྱིས་གྱོན་པ་བང་ཉེན་ཡོད།  ད་ལྟ་བ། གོས་བང་བྱེད་ཀྱི་ཆར་བ།  འདས་པ། གྱོན་པ་བངས་སོང་ལྟ་བུ།