བ་བླ།སྔ་མའི་པར་གཞི་དེ བྱ་མདོ་ཀླུ་མོ་མཚོ།  ནས 2017-02-22 17:51ལ་འགྲུབ།

བ་བླ།

རྡོ་སྨན་གྱི་རིགས་ཤིག་སྟེ། རོ་ཁ་ལ་ཚ། ཞུ་རྗེས་དྲོད། ནུས་པས་རྨེན་བུ་སྐྲངས་ནས་རྨ་རུ་གྱུར་པ་ལ་ཕན། དངུལ་ཆུའི་དུག་འདོན་ཐུབ།
1 ལོ་ཙཱ།

རྒྱ་ཡིག 石黄,黄信石

དབྱིན་ཡིག auripimentum (used in Tibetan medicine)

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  རྡོ་ཚོན་སེར་བོ་ཞིག་གི་མིང་སྟེ། རྒྱ་སྐད་དུ་ཧྲི་ཧོང་ཟེར།

2.བརྡ་དག་མིང་ཚིག་གསལ་བ་ལས།  ཚོན་སྣ་ཚོགས་མདོག  石黄,黄信石,杂色颜料之一。(同)བ་སྤུ་ལྷུང་བ།  བ་ལང་སོ།

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  རྡོ་སྨན་གྱི་རིགས་ཤིག་སྟེ།  རོ་ཁ་ལ་ཚ།  ཞུ་རྗེས་དྲོད།  ནུས་པས་རྨེན་བུ་སྐྲངས་ནས་རྨ་རུ་གྱུར་པ་ལ་ཕན།  དངུལ་ཆུའི་དུག་འདོན་ཐུབ།  མིང་གི་རྣམ་གྲངས་ལ་གར་གྱི་རྒྱན་སྣ་ཚོགས་མདོག  བ་སྤུ་ལྷུང་བ།  བ་ལང་སོ།  བྱི་ལའི་མིག  ས་འོག་ཕྲེང་བ་བཅས་སོ།།

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག  གསོ་རིག རྡོ་སྨན་གྱི་རིགས་ཤིག་རོ་ཁ་ལ་ཚ། ཞུ་རྗེས་དྲོད། ནུས་པས་རྨེན་བུ་སྐྲངས་ནས་རྨ་རུལ་གྱུར་པ་ལ་ཕན། དངུལ་ཆུའི་དུག་འདོན་ཐུབ། མིང་གི་རྣམ་གྲངས། ཧ་རི་ཏ་ལ། གར་གྱི་རྒྱན། གར་མིང་ཅན། སྣ་ཚོགས་མདོག བ་སྤུ་ལྷུང་བ། བ་ལང་སོ། བྱི་ལའི་མིག   ས་འོག་ཕྲེང་བ། སེར་པོ་དྲི་ལྡན། ལྷའི་ན་བཟའ།