ལི་ཀྲན་ཧྲུའུ།སྔ་མའི་པར་གཞི་དེ ལོ་མི་ཆུང་།  ནས 2017-02-07 11:54ལ་འགྲུབ།

ལི་ཀྲན་ཧྲུའུ།

ལི་ཀྲན་ཧྲུའུ།
ཁོང་ནི་སྤྱི་ལོ1972ལོའི་ཟླ12པར་བྱ་བར་ཞུགས། སྤྱི་ལོ1975ལོའི་ཟླ4བར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཧུ་པེ་དགེ་ཐོན་སློབ་ཆེན་གྱི་མཚན་མོའི་སློབ་ཆེན་སྲིད་སྟོན་སྡེ་ཁག་ནས་མཐར་ཕྱིན། ལས་ཐོག་སློབ་ཆེན་གྱི་སྦྱངས་རིམ་ལྡན་ཞིང་། མཐོ་རིམ་བཟོ་ཚོང་དོ་དམ་རིག་པའི་རབ་འབྱམས་པའི་བསླབ་གནས་བླངས་ཡོད། ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུའི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུའི་ཧྲུའུ་ཅི། ཀྲུང་དབྱང་གཞུང་ལས་ཐིན་གྱི་གཙོ་འགན། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
栗战书
སྐྱེས་ལོ།
སྤྱི་ལོ1950ལོའི་ཟླ8པ།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཧུ་པེ་ཕིང་ཧྲན།
མཐར་ཕྱིན་སློབ་གྲྭ།
ཧུ་པེ་དགེ་ཐོན་སློབ་ཆེན།
1 ​ངོ་སྤྲོད།

ཁོང་ནི་སྤྱི་ལོ1950ལོའི་ཟླ8པར་སྐྱེས།  ཧུ་པེ་ཞིང་ཆེན་ཕིང་ཧྲན་རྫོང་གི་ཡིན།  སྤྱི་ལོ1972ལོའི་ཟླ12པར་བྱ་བར་ཞུགས།  སྤྱི་ལོ1975ལོའི་ཟླ4བར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས།  ཧུ་པེ་དགེ་ཐོན་སློབ་ཆེན་གྱི་མཚན་མོའི་སློབ་ཆེན་སྲིད་སྟོན་སྡེ་ཁག་ནས་མཐར་ཕྱིན།  ལས་ཐོག་སློབ་ཆེན་གྱི་སྦྱངས་རིམ་ལྡན་ཞིང་།  མཐོ་རིམ་བཟོ་ཚོང་དོ་དམ་རིག་པའི་རབ་འབྱམས་པའི་བསླབ་གནས་བླངས་ཡོད། 

ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུའི་ཨུ་ཡོན་དང་།  ཀྲུང་དབྱང་ཧྲུའུ་ཅི་ཁྲུའུའི་ཧྲུའུ་ཅི།  ཀྲུང་དབྱང་གཞུང་ལས་ཐིན་གྱི་གཙོ་འགན།  ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད། 

2 བྱ་བའི་བརྒྱུད་རིམ། 

སྤྱི་ལོ1971ལོ་ནས་སྤྱི་ལོ1972ལོའི་བར།  ཧུ་པེ་ཞིང་ཆེན་ཧྲི་ཅཱ་ཀྲོང་ས་ཁུལ་གྱི་ནོར་སྲིད་ཉོ་ཚོང་སློབ་གྲྭའི་ཚོང་རྫས་རིན་གོང་ཆེད་ལས་སྦྱངས། 

སྤྱི་ལོ1972ལོ་ནས་སྤྱི་ལོ1976ལོའི་བར།  ཧུ་པེ་ཞིང་ཆེན་ཧྲི་ཅཱ་ཀྲོང་ས་ཁུལ་གྱི་བཟོ་ཚོང་ཅུའུའི་གཞུང་ལས་ཁང་གི་ལས་མི་དང་།  གཙོ་འགན་གཞོན་པའི་འགན་བཞེས། 

སྤྱི་ལོ1976ལོ་ནས་སྤྱི་ལོ1983ལོའི་བར།  ཧུ་པེ་ཞིང་ཆེན་ཧྲི་ཅཱ་ཀྲོང་ས་གནས་ཏང་ཨུའི་གཞུང་ལས་ཁང་གི་དཔྱད་ཡིག་ཚན་ཁག་གི་ལས་མི་དང་།  འགོ་འཛིན་གྱི་འགན་བཞེས།(དེའི་རིང་ལ་སྤྱི་ལོ1980ལོ་ནས་སྤྱི་ལོ1983ལོའི་བར་ཧུ་པེ་དགེ་ཐོན་སློབ་ཆེན་གྱི་མཚན་མོའི་སློབ་ཆེན་སྲིད་སྟོན་སྡེ་ཁག་ནས་སློབ་གཉེར་བྱས)

སྤྱི་ལོ1983ལོ་ནས་སྤྱི་ལོ1985ལོའི་བར།  ཧུ་པེ་ཞིང་ཆེན་ཝུའུ་ཅི་རྫོང་ཨུའི་ཧྲུའུ་ཅིའི་འགན་བཞེས། 

སྤྱི་ལོ1985ལོ་ནས་སྤྱི་ལོ1986ལོའི་བར།  ཧུ་པེ་ཞིང་ཆེན་ཧྲི་ཅཱ་ཀྲོང་ས་གནས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་།  སྲིད་འཛིན་ཀུང་ཧྲུའུའི་ཀྲོན་ཡོན་བཅས་ཀྱི་འགན་བཞེས། 

སྤྱི་ལོ1986ལོ་ནས་སྤྱི་ལོ1990ལོའི་བར།  གུང་གཞོན་ཚོགས་པ་ཧུ་པེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།(དེའི་རིང་ལ་སྤྱི་ལོ1988ལོའི་ཟླ2པ་ནས་སྤྱི་ལོ1988ལོའི་ཟླ8པའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཏང་འཛུགས་གཞུང་ལུགས་གསོ་སྦྱོང་འཛིན་གྲྭ་ནས་སློབ་གཉེར་བྱས)

སྤྱི་ལོ1990ལོ་ནས་སྤྱི་ལོ1993ལོའི་བར།  ཧུ་པེ་ཞིང་ཆེན་ཁྲེང་ཏེ་ས་གནས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་།  སྲིད་འཛིན་ཀུང་ཧྲུའུའི་ཀྲོན་ཡོན་བཅས་ཀྱི་འགན་བཞེས།

སྤྱི་ལོ1993ལོ་ནས་སྤྱི་ལོ1997ལོའི་བར།  ཧུ་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་།  དྲུང་ཆེན་བཅས་ཀྱི་འགན་བཞེས།(སྤྱི་ལོ1992ལོ་ནས་སྤྱི་ལོ1994ལོའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་སྦྲག་ཁྲིད་སློབ་གླིང་ནས་དཔལ་འབྱོར་རིག་པའི་ཆེད་ལས་སྦྱངས)

སྤྱི་ལོ1997ལོ་ནས་སྤྱི་ལོ1998ལོའི་བར།  ཧུ་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་།  ཞིང་སྡེ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པའི་འགན་བཞེས། 

སྤྱི་ལོ1998ལོ་ནས་སྤྱི་ལོ2000ལོའི་བར།  ཧྲའན་ཞི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་།  ཞིང་སྡེ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ།  གཞུང་ལས་ཁང་གི་གཙོ་འགན་བཅས་ཀྱི་འགན་བཞེས།(སྤྱི་ལོ1996ལོ་ནས་སྤྱི་ལོ1998ལོའི་བར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་སློབ་མའི་སློབ་གླིང་གི་ནོར་སྲིད་ཉོ་ཚོང་སྡེ་ཁག་ནས་དཔལ་འབྱོར་རིག་པ་སྦྱངས) 

སྤྱི་ལོ2000ལོ་ནས་སྤྱི་ལོ2002ལོའ་བར།  ཧྲའན་ཞི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་།  སྒྲིག་འཛུགས་པུའུའི་པུའུ་ཀྲང་གི་འགན་བཞེས། 

སྤྱི་ལོ2002ལོར།  ཧྲའན་ཞི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་།  ཞི་ཨན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།  གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཙོ་འགན་བཅས་ཀྱི་འགན་བཞེས། 

སྤྱི་ལོ2002ལོ་ནས་སྤྱི་ལོ2003ལོའི་བར།  ཧྲའན་ཞི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་།  ཞི་ཨན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།  གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཙོ་འགན་བཅས་ཀྱི་འགན་བཞེས། 

སྤྱི་ལོ2003ལོ་ནས་སྤྱི་ལོ2004ལོའི་བར།  ཧེ་ལུང་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2004ལོ་ནས་སྤྱི་ལོ2007ལོའི་བར།  ཧེ་ལུང་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་།  ཞིང་ཆེན་འགོ་གཞོན་གྱི་འགན་བཞེས།(དེའི་རིང་ལ་སྤྱི་ལོ2005ལོ་ནས་སྤྱི་ལོ2007ལོའི་བར་ཧཱ་ཨར་པིན་བཟོ་ལས་སློབ་ཆེན་གྱི་མཐོ་རིམ་དོ་དམ་མི་སྣའི་བཟོ་ཚོང་དོ་དམ་ཆེད་ལས་སྦྱངས་ནས་མཐོ་རིམ་བཟོ་ཚོང་དོ་དམ་གྱི་རབ་འབྱམས་པའི་མིང་ཐོབ་བླངས)

སྤྱི་ལོ2007ལོ་ནས་སྤྱི་ལོ2008ལོའི་བར།  ཧེ་ལུང་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་།  ཞིང་ཆེན་ལས་ཚབ་འགོ་འཛིན་གྱི་འགན་བཞེས། 

སྤྱི་ལོ2008ལོ་ནས་སྤྱི་ལོ2010ལོའི་བར།  ཧེ་ལུང་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་།  ཞིང་ཆེན་གྱི་འགོ་གཙོའི་འགན་བཞེས། 

སྤྱི་ལོ2010ལོ་ནས་སྤྱི་ལོ2012ལོའི་བར།  ཀྲུང་དབྱང་གཞུང་ལས་ཐིན་གྱི་རྒྱུན་ལས་གཙོ་འགན་འཁུར་བའི་འགོ་གཞོན་དང་།  ཀྲུང་དབྱང་གཞུང་ལས་ཐིན་གྱི་གཙོ་འགན།  ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།  ཀུའེ་ཀྲོའུ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཙོ་འགན་བཅས་ཀྱི་འགན་བཞེས། 

སྤྱི་ལོ2012ལོ་ནས་སྤྱི་ལོ2013ལོའི་ཟླ3པའི་བར།  ཀྲུང་དབྱང་ཆབ་སྲིད་ཅུའུའི་ཨུ་ཡོན་དང་།  ཀྲུང་དབྱང་ཧྲུའུ་ཅི་ཁྲུའུའི་ཧྲུའུ་ཅི།  ཀྲུང་དབྱང་གཞུང་ལས་ཐིན་གྱི་གཙོ་འགན།  ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།  ཀུའེ་ཀྲོའུ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཙོ་འགན་བཅས་ཀྱི་འགན་བཞེས། 

སྤྱི་ལོ2013ལོའི་ཟླ1པ་ནས་བཟུང་།  ཀྲུང་དབྱང་ཆབ་སྲིད་ཅུའུའི་ཨུ་ཡོན་དང་།  ཀྲུང་དབྱང་ཧྲུའུ་ཅི་ཁྲུའུའི་ཧྲུའུ་ཅི།  ཀྲུང་དབྱང་གཞུང་ལས་ཐིན་གྱི་གཙོ་འགན།  ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།  

དཔྱད་གཞིའི་ཡིག་ཆ།