ཆ་འཕྲིན་མྱུར་བགྲོད་གཞུང་ལམ།སྔ་མའི་པར་གཞི་དེ པདྨ་དབང་རྒྱལ།  ནས 2017-03-01 18:07ལ་འགྲུབ།

ཆ་འཕྲིན་མྱུར་བགྲོད་གཞུང་ལམ།

ཆ་འཕྲིན་མྱུར་བགྲོད་གཞུང་ལམ།
ཆ་འཕྲིན་མྱུར་བགྲོད་གཞུང་ལམ་ནི་ཆ་འཕྲིན་གྱི་མགྱོགས་མྱུར་བརྒྱུད་གཏོང་བྱས་པ་དེ“མྱུར་བགྲོད་གཞུང་ལམ”ལྟ་བུ་ཞིག་ལ་དཔེ་བླངས་པ་དང་། མྱུར་ཚད་ནི་མིག་སྔའི་དྲ་རྒྱའི་བརྒྱུད་གཏོང་མྱུར་ཚད་ལས་ལྡབ་ཁྲི་གཅིག་གིས་མཐོ་ཞིང་། ཤོང་ཚད་ནི་འཕྲིན་ལམ་ཞིག་གིས་བརྒྱུད་གཏོང་ཚད་དེ་ཕལ་ཆེར་བརྙན་འཕྲིན་འཕྲིན་ལམ500འམ་ཡང་ན་ཁ་པར་ཁྲི50ལྷག་ཡིན། དེ་ལས་གཞན། ཆ་འཕྲིན་འབྱུང་ཁུངས་དང་ནང་དོན། རྣམ་པ་ཡང་འདྲ་མིན་སྣ་ཚོགས་ཡོད། དྲ་རྒྱ་སྤྱོད་མཁན་གྱིས་དུས་ཚོད་གང་རུང་ཞིག་གམ་ཡུལ་གང་རུང་ཞིག་ནས་སྒྲ་དང་གཞི་གྲངས། པར་རིས་སམ་ཡང་ན་གཟུགས་བརྙན་སོགས་སྨྱན་མང་གཟུགས་ཀྱི་བྱེད་ཐབས་ཀྱིས་ཆ་འཕྲིན་ཕན་ཚུན་བརྒྱུད་སྤྲོད་བྱེད་ཆོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
信息高速公路
ཕྱི་ཡིག་གི་མིང་།
Information Highway
མ་ལམ་གཙོ་བོ།
འོད་ཐག
བཏོན་པའི་དུས་ཚོད།
1992 ལོར།
དངོས་སྤུས།
མྱུར་བགྲོད་ཆ་འཕྲིན་གློག་རྡུལ་དྲ་བ།
འདོན་མཁན།
ཨ་ཨེར་· ཀུ་ཨེར་
1 ཚན་ཉིད།

.jpgཆ་འཕྲིན་མྱུར་བགྲོད་གཞུང་ལམ(Information Highway)ནི་དོན་དངོས་ཐོག་མྱུར་བགྲོད་ཆ་འཕྲིན་གློག་རྡུལ་དྲ་བ་ཞིག་ཡིན་པ་དང་། དེ་ནི་སྤྱོད་མཁན་ལ་དུས་ཐོག་ཏུ་ཆ་འཕྲིན་འབོར་ཆེན་འདོན་སྤྲོད་བྱེད་པ་དང་། དེ་འཕྲིན་གཏོང་དྲ་རྒྱ་དང་རྩིས་འཁོར། གཞི་གྲངས་མཛོད་དང་དེ་བཞིན་རྒྱུན་མཁོའི་གློག་རྡུལ་ཐོན་རྫས་བཅས་ལས་གྲུབ་པའི་དྲ་རྒྱའི་མ་ལག་འཐུས་སྒོ་ཚང་བ་ཞིག་ཡིན།

2 དམིགས་འབེན་གཙོ་བོ།

.jpg.jpg1.ཁེ་ལས་དང་ཞིབ་འཇུག་ལས་ཁུངས། སློབ་ཆེན་བར་ལ་རྩིས་འཁོར་གྱི་ཆ་འཕྲིན་བརྗེ་རེས་བྱེད་པ།

2. སྨན་རྫས་ཀྱི་འཕྲིན་གཏོང་ཕྱིར་འཚོངXའོད་ཀྱི་འདྲ་པར། པར་རིས་སྐྱེལ་གཏོང་བྱེད་པ་བརྒྱུད་ནས་ནད་བརྟག་སྨན་བཅོས་དང་སྨན་བཅོས་ཞབས་ཞུའི་ཆུ་ཚོད་མཐོར་འདེགས་སུ་བཏང་བ།

3.འཐབ་ཕྱོགས་དང་པོའི་ཞིབ་འཇུག་མི་སྣའི་གཏམ་བཤད་དང་སློབ་གྲྭའི་ནང་གི་སློབ་ཁྲིད་དེ་རྩིས་འཁོར་རམ་འདེགས་སློབ་ཁྲིད་དུ་འཕེལ་རྒྱས་སུ་སོང་བ།

4.ས་ཡོམ་དང་མེ་སྐྱོན་སོགས་གནོད་འཚེ་ཆེ་བའི་ཆ་འཕྲིན་རྒྱ་ཁྱབ་ཏུ་མཁོ་འདོན་བྱས་པ།

5.གློག་རྡུལ་དཔེ་སྐྲུན་དང་གློག་རྡུལ་དཔེ་མཛོད་ཁང་། ཁྱིམ་གྱི་གློག་བརྙན་ཁང་དང་རང་ཁྱིམ་དངོས་ཟོག་ཉོ་སྒྲུབ་སོགས་མངོན་བྱས་པ།

6.ཆ་འཕྲིན་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པས། དཔལ་འབྱོར་གྱི་ཕན་འབྲས་ཧ་ཅང་ཆེན་པོ་ཐོན་པ་དང་། རྒྱལ་སྤྱིའི་སྟོབས་ཤུགས་ཆེ་རུ་སོང་ཞིང་། ཕྱོགས་བསྡུས་ཀྱི་རྒྱལ་སྟོབས་ཇེ་མཐོར་སོང་བ།

3 གཞི་རྩའི་རྒྱུ་རྐྱེན།

.jpgགཞི་རྩའི་རྒྱུ་རྐྱེན་ནི་གཙོ་བོ་བཞི་ཡིས་གྲུབ་ལ།

(1)ཆ་འཕྲིན་མྱུར་བགྲོད་རྒྱུ་ལམ། དེ་ནི་རྒྱལ་ཡོངས་སུ་ཁྱབ་ཐུབ་ཅིང་འོད་སྐུད་འཕྲིན་སྐྱེལ་དྲ་རྒྱ་གཞི་བྱས་ཤིང་། ཞོར་དུ་རླབས་ཕྲན་དང་སྲུང་སྐར་འཕྲིན་གཏོང་གི་གྲངས་འཛིན་ཅན་གྱི་ཤོང་ཚད་ཆེ་ཞིང་འགྲོས་ཕྱོད་མཐོ་བའི་འཕྲིན་གཏོང་དྲ་བ་ཡིན།

(2)ཆ་འཕྲིན་ཐོན་ཁུངས། སྤྱི་སྤྱོད་དང་བཀོལ་སྤྱོད་མ་བྱས་པའི་གཞི་གྲངས། པར་རིས་མཛོད་མང་པོ་ཞིག་མཉམ་གཅིག་ཏུ་སྦྲེལ་བ་དང་། འཕྲིན་གཏོང་དྲ་རྒྱ་བརྒྱུད་ནས་སྤྱོད་མཁན་ལ་དཔྱད་གཞིའི་ཡིག་ཆ་སྣ་ཚོགས་བརྙན་རིས། དཔེ་དེབ། ཚགས་པར་དང་དུས་དེབ་སོགས་ཆ་འཕྲིན་ཞུབས་ཞུ་མཁོ་འདོན་བྱས་པ།

(3)ཆ་འཕྲིན་སྒྲིག་གཅོད་དང་ཚོད་འཛིན། དེ་ནི་གཙོ་བོ་འཕྲིན་གཏོང་དྲ་རྒྱའི་སྟེང་གི་ནུས་ཆེའི་རྩིས་འཁོར་དང་ཞབས་ཞུ་ཆས། གཤིས་ནུས་ཆེ་བའི་སྒེར་སྤྱོད་རྩིས་འཁོར་དང་ལས་དོན་ས་ཚིགས་ཀྱིས་ཆ་འཕྲིན་གྱི་ནང་འཇུག/ཕྱིར་འདོན་དང་སྐྱེལ་འདྲེན། གསོག་འཇོག་དང་བརྗེ་རེས་ཀྱི་གོ་རིམ་ཁྲོད་ཀྱི་སྒྲིག་གཅོད་དང་ཚོད་འཛིན་བྱེད་པ་ལ་ཟེར།

(4)ཆ་འཕྲིན་ཞབས་ཞུའི་བྱ་ཡུལ། སྨྱན་མང་གཟུགས་ཀྱི་དཔལ་འབྱོར། རིག་སྟོབས་དཔལ་འབྱོར་དང་ཉེར་སྤྱོད་རྒྱུད་ཁོངས་སྣ་ཚོགས་བེད་སྤྱད་ནས་སྤྱོད་མཁན་ལ་ཕན་ཚུན་འཕྲིན་གཏོང་བྱེད་པ་དང་། འཕྲིན་གཏོང་མཐའ་སྣེ་བརྒྱུད་དེ་ཕུན་སུམ་ཚོགས་པའི་ཆ་འཕྲིན་ཐོན་ཁུངས་ལོངས་སྤྱོད་བྱེད་པ། རང་རང་གི་དགོས་མཁོ་སྐོང་ཐུབ་པར་བྱེད་པ་དེའོ།།

4 གནད་འགག་ཆེ་བའི་ལག་རྩལ།


.jpg.jpg1.འཕྲིན་གཏོང་དྲ་རྒྱའི་ལག་རྩལ།

2.འོད་སྐུད་འཕྲིན་གཏོང་དྲ་རྒྱ(SDH)དང་གོམ་འགལ་སྤོ་སྒྱུར་རྣམ་པའི་བརྗེ་རེས་ལག་རྩལ།

3.གཞི་གྲངས་མཛོད་དང་ཆ་འཕྲིན་སྒྲིག་གཅོད་ལག་རྩལ།

4.སྤོ་སྒུལ་འཕྲིན་གཏོང་དང་སྲུང་སྐར་འཕྲིན་གཏོང་། གྲངས་ཀའི་རླབས་ཕྲན་ལག་རྩལ།

5.ནུས་ཆེའི་མཉམ་བགྲོད་རྩིས་འཁོར་རྒྱུད་ཁོངས་དང་མཐུད་པའི་ལག་རྩལ།

6.པར་མཛོད་དང་དྭངས་གསལ་བརྙན་འཕྲིན་ལག་རྩལ།

7.སྨྱན་མང་གཟུགས་ལག་རྩལ།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལག་རྩལ། དྲ་རྒྱ། IT