དཔའ་བོའི་ཆོད་སེམས།སྔ་མའི་པར་གཞི་དེ དཔལ་མགོན་ཚེ་རིང་།  ནས 2017-01-19 17:05ལ་འགྲུབ།

དཔའ་བོའི་ཆོད་སེམས།

དཔའ་བོའི་ཆོད་སེམས།
《དཔའ་བོའི་ཆོད་སེམས》ཞེས་པའི་དམག་འཁྲུག་གློག་བརྙན་འདི་ནི་འཁྲབ་ཁྲིད་པ་མའེ་ཨར•ཅི་པུའུ་སེན་གྱིས་འཁྲབ་ཁྲིད་བྱས་ཤིང་། མའེ་ཨར•ཅི་པུའུ་སེན་དང་སུའུ་ཧྥེ•མཱ་སོའུ། ཕཱ་ཐུ་ལི་ཁུ•མའེ་ཀའོ་ཧན་སོགས་ཀྱིས་གཙོ་འཁྲབ་བྱས་པ་ཡིན། གློག་བརྙན་འདིའི་ནང་དུ་དུས་རབས་བཅུ་གསུམ་ནས་བཅུ་བཞི་བར་གྱི་དབྱིན་ཀུ་ལན་གྱི་རྒྱལ་བོའི་ཕོ་བྲང་གི་ཆབ་སྲིད་རྒྱབ་ལྗོངས་དང་དམག་འཁྲུག་ལྟེ་བར་བཟུང་སྟེ། སུའུ་ཀུ་ལན་གྱི་འོས་ལངས་གཙོ་འཛིན་ཝེ་ལེན•ཧྭ་ལའེ་ཧྲི་ཡིས་དབྱིན་ཀུ་ལན་དབང་སྒྱུར་བྱེད་མཁན་ལ་དཔའ་ངར་ཞུམ་མེད་ཀྱིས་འཐབ་རྩོད་བྱས་པའི་གཏམ་རྒྱུད་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

བོད་འགྱུར་མིང་།
དཔའ་བོའི་ཆོད་སེམས།
མ་བརྙན་མིང་།
Braveheart
རྒྱ་འགྱུར་མིང་།
勇敢的心
རྒྱལ་ཁབ།
ཨ་རི།
སྐད་རིགས།
དབྱིན་སྐད། ཧྥ་རན་སིའི་སྐད།
འཁྲབ་ཁྲིད་པ།
མའེ་ཨར•ཅི་པུའུ་སེན།
གཙོ་འཁྲབ་པ།
མའེ་ཨར•ཅི་པུའུ་སེན། སུའུ་ཧྥེ•མཱ་སོའུ། ཕཱ་ཐུ་ལི་ཁུ•མའེ་ཀའོ་ཧན།
འགྲེམ་དུས།
1995-05-24
བརྙན་རིགས།
གཏམ་རྒྱུད། རྣམ་ཐར། ལོ་རྒྱུས།
ཡུན་ཚད།
སྐར་མ177
བྱ་དགའ་གཙོ་བོ།
སྐབས68པའི་ཨོ་སི་ཁཱ་གསེར་གྱི་བྱ་དགའི་སྟེང་དུ་གློག་བརྙན་རྩེ་གྲ་དང་འཁྲབ་ཁྲིད་པ་རྩེ་གྲ་སོགས་བྱ་དགའ་ལྔ་ཐོབ།
1 ནང་དོན་མདོར་བསྡུས།

ཝེ་ལེན•ཧྭ་ལའེ་ཧྲི་བྱིས་པའི་དུས་སུ། ཁོའི་ཕ་ནི་སུའུ་ཀུ་ལན་གྱི་དཔའ་བོ་ཡིན་ཞིང་དབྱིན་ཇི་དང་དམག་འཐབ་ནང་རྐྱེན་ལམ་དུ་སོང་། ཧྭ་ལའེ་ཧྲི་ཕའི་གྲོགས་པོ་ཞིག་གི་སློབ་སྟོན་འོག་སུའུ་ཀུ་ལན་གྱི་རིག་གནས་དང་གྲི་རྩལ་སྦྱངས། ན་ཚོད་ལོན་པའི་ཧྭ་ལའེ་ཧྲི་རང་ཡུལ་དུ་ཕྱིར་ལོག་སྟེ་ཆུང་འདྲིས་མ་མའེ་ལུན་ལ་གཉེན་སྒྲིག་གི་སེམས་འདུན་བསྟན་ཞིང་། རང་ཚུགས་ཟིན་པའི་ཕལ་པའི་མིའི་འཚོ་བ་ཞིག་སྐྱེལ་འདོད་རུང་། མའེ་ལུན་དབྱིན་ཇིའི་དམག་མིས་བཟུང་སྟེ་བསད་པས། ཧྭ་ལའེ་ཧྲི་འུ་ཐུག་སྟེ་མི་རྣམས་ཀྱི་དཔའ་བོའི་བུ་རྒྱུད་ཅེས་པའི་འབོད་སྐུལ་འོག་འོས་ལངས་ཀྱི་ལས་ལ་ཞུགས།

.jpg

སུའུ་ཀུ་ལན་གྱི་སྐུ་དྲག་ལོའུ་པོས་ས་བདག་བྱེད་ཆེད། ཁོས་ཨ་ཕའི་ངན་སྐུལ་བཞིན་ཧྭ་ལའེ་ཧྲི་དང་མཉམ་འབྲེལ་བྱེད་ཁུལ་གྱིས་དབྱིན་དམག་ཕམ་ཉེས་སུ་བཏང་། སུའུ་ཀུ་ལན་གྱི་སྐུ་དྲག་ཚོགས་འདུའི་ཐོག་ཧྭ་ལའེ་ཧྲི་རྒྱལ་སྲུང་དམག་སྤྱི་ཆེན་པོར་བསྐོ་བཞག་བྱས། ཡིན་ཡང་སུའུ་ཀུ་ལན་གྱི་སྐུ་དྲག་ཚོས་རང་གི་ཁེ་ཕན་མ་གཏོགས་མི་དམངས་ཀྱི་ཁེ་ཕན་དང་རྒྱལ་ཁབ་ཀྱི་ཕུགས་འདུན་ལ་སེམས་ཁྲལ་སྤུ་ཙམ་མི་བྱས་པ་དབྱིན་ཇིའི་རྒྱལ་པོས་ཤེས་ཏེ། ཟིང་འཁྲུག་གཏན་འཇགས་ཡོང་ཆེད་རྒྱལ་སྲས་ཀྱི་ལྷ་ལྕམ་ཞི་གྲོས་བྱེད་དུ་བཏང་ཡང་། ཁོས་ནི་ཧྭ་ལའེ་ཧྲི་ལ་བསླུ་བྲིད་བྱེད་རྒྱུ་མ་གཏོགས་མི་སེར་གྱི་རང་དབང་དང་འདྲ་མཉམ་ལ་སྣང་མེད་བཏང་བས་གྲོས་མཐུན་བྱུང་མེད། དབྱིན་ཇིའི་རྒྱལ་པོས་ཨེར་ལན་དང་ཧྥ་རན་སི་གཉིས་དང་མཉམ་འབྲེལ་གྱིས་སུའུ་ཀུ་ལན་གྱི་མཐའ་བསྐོར་ཡང་ཧྭ་ལའེ་ཧྲིས་དམག་དཔུང་ཁྲིད་དེ་རྙོག་འཛིང་བྱས། མཐའ་མར་ཁོས་ལོའུ་པོས་དབྱིན་ཇིའི་རྒྱལ་པོ་དང་ལྐོག་འབྲེལ་བྱས་པ་ཤེས་པས་བློ་ཕམ་ཆེན་པོ་སྐྱེས་ནས་ལག་གི་གྲི་ཡང་ས་ཐོག་ཏུ་ལྷུང་། ཐེངས་དེར་ཡང་སུའུ་ཀུ་ལན་གཡུལ་ལས་རྒྱལ་བས་དབྱིན་ཇིའི་རྒྱལ་པོས་སླར་ཡང་ཞི་གྲོས་བསམ་འཆར་བཏོན། ཧྭ་ལའེ་ཧྲིས་དེ་གཡོ་སྒྱུ་ཞིག་ཡིན་པ་ཤེས་བཞིན་དུ་ཞི་བདེའི་ཆེད་ཁས་བླངས་ཏེ་ཁོ་རང་གཅིག་པུར་སོང་བས། སྔར་ནས་གྲ་སྒྲིག་ཨང་གསར་ཡོད་པའི་ལོའུ་པོ་ཡི་ཕའི་གཡོ་ཐབས་འོག་ཁོ་པ་བཟུང་སྟེ་དབྱིན་ཇིའི་རྒྱལ་པོར་རྩིས་སྤྲད། ལོའུ་པོ་ཁོའི་ཕའི་ཇུས་ངན་ལ་ཁོང་ཁྲོའི་མེ་ལྕེ་འབར་ཡང་ཧྭ་ལའེ་ཧྲི་ལ་བསྒགས་གསོད་ཁྲིམས་ཐག་བཅད་ཚར། མི་སེར་ཐམས་ཅད་འདུས་པའི་ཁྲོམ་ཆེན་དུ། ཧྭ་ལའེ་ཧྲི་མནར་གཅོད་ཚད་མེད་མྱངས་ཡང་མགོ་མ་བཏགས་པར་ཁོས་དབུགས་མཐའ་མ་དེ་ཤུགས་ཀྱིས་རྔུབ་རྗེས། རང་དབང་ཞེས་སྐད་གསངས་མཐོན་པོས་འབོད་སྐད་བསྒྲགས།

2 དཔྱད་གཏམ།

གློག་བརྙན་འདིའི་ནང་དུ། ཝེ་ལེན•ཧྭ་ལའེ་ཧྲི་རང་དབང་གི་ཕུགས་འདུན་ཆེད་རང་གི་གཅེས་པའི་ཚེ་སྲོག་ཕུལ་བ་རེད། .jpgཁོའི་རང་དབང་འཚོལ་སྙེག་བྱས་པའི་སེམས་པ་དེ་རྟགས་མཚན་ཞིག་དང་དད་སེམས་ཞིག་ཏུ་འགྱུར་བ་རེད། དེ་བས་རང་དབང་ལ་དུང་ཞེན་ཆེ་བའི་མི་ཚོ་བསྡུ་རུབ་སྣེ་ཁྲིད་བྱ་བའི་སྙིང་སྟོབས་ཞིག་ཏུ་གྱུར་བ་རེད། ཁོས་རང་ཉིད་བློས་གཏོང་བྱ་བས་ད་གཟོད་རང་དབང་ལ་དགའ་བའི་སུའུ་ཀུ་ལན་གྱི་མི་བུ་མང་པོ་ཞིག་གཉིད་ལས་བསད་དེ། གདུག་རྩུབ་སྲིད་དབང་ལ་ངོ་རྒོལ་བྱེད་བའི་དཔུང་དུ་ཞུགས་པ་རེད་ལ། ལོའུ་པོ་ཡང་གཞི་ནས་ངན་རུལ་གྱི་གོ་གནས་དང་མཚན་སྙན་གྲགས་ཀྱི་འདོད་སེམས་ལས་སད་དེ། རང་མོས་ངང་རྒྱུ་ནོར་དང་གོ་གནས་དབང་ཆ་ཡོད་ཚད་བློས་གཏོང་སྟེ། ཁ་ཞེ་གཉིས་མེད་ཀྱིས་རང་དབང་བརྩོན་ལེན་བྱ་བའི་སུའུ་ཀུ་ལན་གྱི་སྣེ་ཁྲིད་གསར་པ་ཞིག་ཆགས་པ་ལས། ཁོའི་ཕ་རྒན་བཞིན་རྒྱུ་དང་དབང་ཆ་ཁོ་ནར་ལྟ་བའི་སྙིང་རྗེ་སྤུ་ཙམ་ཡང་མེད་པ་ཞིག་བྱས་མེད་དོ། །