ཐ་ཤལ་བ་ང་།སྔ་མའི་པར་གཞི་དེ དཔལ་མགོན་ཚེ་རིང་།  ནས 2017-01-19 17:05ལ་འགྲུབ།

ཐ་ཤལ་བ་ང་།

ཐ་ཤལ་བ་ང་།
《ཐ་ཤལ་བ་ང》ཞེས་པའི་གློག་བརྙན་འདི་ནི་འཁྲབ་ཁྲིད་པ་ཁུ་ལི་སི•ལའེ་ནོའུ་ཏི་དང་ཕེ་ཨའེ་ཨར•ཁུ་ཧྥུན་གཉིས་ཀྱིས་འཁྲབ་ཁྲིད་བྱས་ཤིང་། ཧྲི་ཏེ་ཧྥུའུ•ཁཱ་རུའེ་ཨར། ཅེ་སེན•སའེ་ཀུ་ཨར་སོགས་ཀྱིས་སྐད་སྦྱོར་བྱས་པའི་སྤྲོ་གར་འགུལ་རིས་གློག་བརྙན་ཞིག་ཡིན། གློག་བརྙན་འདིའི་ནང་དུ་ཐ་ཤལ་བ་ཀུ་ལུའུ་ཟེར་བ་ཞིག་གིས་ནམ་མཁའི་ཟླ་བ་རྐུ་བའི་འཆར་འགོད་བྱས་པའི་གཏམ་རྒྱུད་ཅིག་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

བོད་འགྱུར་མིང་།
ཐ་ཤལ་བ་ང་།
མ་བརྙན་མིང་།
Despicable Me
རྒྱ་འགྱུར་མིང་།
神偷奶爸/卑鄙的我
རྒྱལ་ཁབ།
ཨ་རི།
སྐད་རིགས།
དབྱིན་སྐད།
འཁྲབ་ཁྲིད་པ།
ཁུ་ལི་སི•ལའེ་ནོའུ་ཏི། ཕེ་ཨའེ་ཨར•ཁུ་ཧྥུན།
གཙོ་འཁྲབ་པ།
ཧྲི་ཏེ་ཧྥུའུ•ཁཱ་རུའེ་ཨར། ཅེ་སེན•སའེ་ཀུ་ཨར།
འགྲེམ་དུས།
2010-06-27
བརྙན་རིགས།
བྱིས་པ། སྤྲོ་གར། འགུལ་རིས། ཁྱིམ་ཚང་།
ཡུན་ཚད།
སྐར་མ95
1 ནང་དོན་མདོར་བསྡུས།

《ཐ་ཤལ་བ་ང》ཞེས་པའི་འགུལ་བརྙན་དེའི་ནང་གི་མི་སྣ་གཙོ་བོ་ཀུ་ལུའུ་ལ་ཆུང་དུས་ནས་ཕུགས་བསམ་ཞིག་ཡོད་པ་ནི། ཆེན་པོ་ཆགས་རྗེས་མཁའ་སྐྱོད་པ་ཞིག་བྱས་ནས་ཟླ་བ་གོ་ལའི་ཐོག་འགྲོ་ཐུབ་པ་བྱ་རྒྱུ་དེ་རེད། ཉིན་ཞིག་གློག་བརྙན་ནང་མི་སྤྱིར་བཏང་ཞིག་གིས་ཨེ་ཇེབ་ཀྱི་གཏོར་གཟུགས་མཆོད་རྟེན་བརྐུས་ཕྱིན་པའི་གནས་ཚུལ་ཞིག་གསལ་བསྒྲགས་བྱས་པས། ཀུ་ལུའུ་ཁོང་ཁྲོ་ཆེན་པོ་ལངས་ནས་ལས་ཀ་དེ་འདྲ་ཁོ་གཅིག་པུ་ལ་དབང་བ་ལས་མི་གཞན་གྱིས་བྱས་ན་རང་ཉིད་ཀྱི་གཉའ་ཕབ་པར་བསམ་ནས་ང་རྒྱལ་གྱིས་མ་བཞག་པར་ནམ་མཁའི་ཟླ་བ་ལེན་ཐུབ་པའི་འཆར་གཞི་ནན་ཏིག་ཅིག་གཏིང་བ་དང་། སྟབས་མ་ལེགས་པར་ཀུ་ལུའུ་ཡིས་རྐུས་ཡོང་བའི་སྐུམ་འཐེན་མེ་མདའ་དེ་མགོ་བདེ་ཅན་ཝི་ཁི་ཐོས་འཕྲོག་ཕྱིན་པ་རེད། དེར་བརྟེན་ཀུ་ལུའུ་ཡིས་མེ་མདའ་དེ་རང་ཉིད་ལ་ཚུར་ཐོབ་པའི་ཆེད་དུ་ཐབས་ཤེས་སྣ་ཚོགས་བཏང་མཐར་དྭ་ཕྲུག་བུ་མོ་གསུམ་གསོས། བསམ་ཡུལ་ལས་འདས་པ་ཞིག་ལ་བུ་མོ་གསུམ་པོས་ཀུ་ལུའུ་ཡིས་འཚོ་བ་ལ་འགྱུར་ལྡོག་ཆེན་པོ་བཏང་བ་རེད། ཁོ་ཚོས་དུས་རྒྱུན་ཀུ་ལུའུ་ལ་རེ་བ་མང་པོ་འདོན་གྱི་ཡོད་དེ་ཉལ་ཁར་བྱིས་སྒྲུང་ཤོད་དགོས་པ་དང་ཁོ་ཚོ་སློབ་གྲྭར་བསྐྱལ་དགོས་པ། གཟའ་མཇུག་ལ་སྤྱི་གླིང་ལ་ཁྲིད་དགོས་པ་སོགས་ཀུ་ལུའུ་ཁོང་ཚོའི་འདོད་པ་ལྟར་བསྟུན་དགོས་འཁེལ་བས་དེ་ལྟར་ཁོ་ཚོ་ཕན་ཚུན་འབྲེལ་འདྲིས་ཟབ་པོ་བྱུང་ཞིང་བརྩེ་བའང་ཟབ་མོ་ཆགས། ཁོས་ཟླ་བ་བརྐུ་རྒྱུ་དེ་བརྗེད་མེད་པས་ཉིན་ཞིག་བུ་མོ་གསུམ་པོ་བག་ལེབ་ཚོང་བར་བཏང་སྟེ་ཝི་ཁེ་ཐོའི་བཙན་མཁར་ནང་འཛུལ་བཅུག་པ་དང་ཝི་ཁེ་ཐོ་མགོ་འཁོར་ཤུལ་དུ་མེ་མདའ་ཁྱེར་ཏེ་ཟླ་བ་རྐུ་བར་ཕྱིན། འོན་ཀྱང་ཁོས་ཟླ་བ་བརྐུས་ནས་ཚུར་འཁོར་ཡོང་དུས་བུ་མོ་གསུམ་པོ་མགོ་བདེ་ཅན་ཝི་ཁེ་ཐེས་བཙན་བཟུང་བྱས་ནས་ཁྲིད་ཕྱིན་པས་ཀུ་ལུའུ་ཁོང་ཁྲོ་དང་སེམས་འཚབ་ངང་ཁོང་ཚོ་འཚོལ་བར་ཆས་མཐར་ཀུ་ལུའུ་ཡིས་ཟླ་བ་དེ་ཝི་ཁེ་ཐེ་ལ་སྤྲད་ནས་བུ་མོ་གསུམ་དང་བརྗེས་ཤིང་རང་ཁྱིམ་དུ་ལོག་པ་དང་། ཝི་ཁེ་ཐེ་ནི་ཟླ་བ་འཁྱེར་ནས་རང་ཁྱིམ་དུ་ལོག་པའི་ལམ་བར་དུ་ཟླ་བ་ཇེ་ཆེར་སོང་ནས་མཐར་མཁའ་དབྱིངས་སུ་འཕགས་ཏེ་སྔར་བཞིན་གྱུར་བས་ཁོ་ནི་ནམ་ཡང་ཟླ་བའི་གོ་ལའི་ཐོག་ཏུ་ལུས་སོང་།

2 དཔྱད་གཏམ།

《ཐ་ཤལ་བ་ང》ནི་གླིང་བཞི་གློག་བརྙན་མཐུན་གཉེར་ཁང་དང Illumination Entertainment གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་རྩ་གསུམ(D3)རྣམ་པ་ཅན་གྱི་འགུལ་རིས་གློག་བརྙན་ཞིག་ཡིན་ལ་བྱིས་སྒྲུང་གི་རྣམ་པར་ཆེས་ཆེར་མངོན་ཡོད། ཐ་ཤལ་བ་ཀུ་ལུའུ་ཟེར་བ་ཞིག་གིས་ནམ་མཁའི་ཟླ་བ་རྐུ་བའི་འཆར་འགོད་བྱས་པའི་གཏམ་རྒྱུད་ཅིག་བརྗོད་ཡོད།

གློག་བརྙན་འདིའི་སྒྲིག་སྦྱོར་ཇུས་འགོད་དང་འཆར་ཡན་གྱི་རྩོམ་སྟངས་འདི་ནི་ངོ་མ་མི་སེམས་འགུལ་བ་ཞིག་རེད་ལ། དེའི་ནང་ནས་ཀྱང་མཚར་སྣང་གིས་ཁེངས་པའི་བྱིས་པ་ཞིག་ལ་མཚོན་ན་དངོས་ནས་བརྩམས་ཆོས་ཡག་པོ་ཞིག་འདུག  

གཞན་གློག་བརྙན་གྱི་བརྗོད་བྱའི་ཐད་ནས་བལྟས་ན། ཐ་ཤལ་བ་ཀུ་ལུའུ་ཟེར་བ་དེ་དངོས་ནས་ཐ་ཤལ་བ་ཞིག་ཡིན་མིན་ནི་གློག་བརྙན་དེར་བལྟས་ཟིན་པ་ཞིག་ཡིན་ན་ཕལ་ཆེར་ཧ་གོ་གི་རེད། འོན་ཀྱང་གློག་བརྙན་གྱི་ཁ་བྱང་ཙམ་ལས་གོ་ཐོས་མེད་པ་ཞིག་གིས་ཀུ་ལུའུ་ནི་ཐ་ཤལ་བ་ངོ་མ་ཤིག་ཡིན་པར་འདོད་རྒྱུ་རེད། རང་དངོས་ནས་བརྗོད་ན་ཀུ་ལུའུ་དང་འདྲ་བར་མི་ཚང་མ་ཐ་ཤལ་བ་ཡིན་པའི་དུས་ཀྱང་ཡོད་པར་འདོད་མོད། དེ་ཡང་རང་ཉིད་ཐ་ཤལ་བ་ཞིག་ཡིན་ན་དེ་དངོས་ཟིན་མིན་གཙོ་བོ་ཡིན་པ་དང་འཚོ་བའི་གདམ་ག་གང་འདྲ་ཞིག་ལ་ཡང་དག་པའི་ལྟ་བ་འཛིན་པའི་ཁྱད་པར་ཤིན་ཏུ་གལ་ཆེན་པོ་ཡིན། ཀུ་ལུའུའི་ཐོག་མའི་ཧམ་སེམས་དང་གདུམ་སྤྱོད་ནི་དངོས་ནས་བློ་ཕམ་པ་ཞིག་འདུག་མོད། རྗེས་སུ་ཟོལ་མེད་ཀྱི་དྭ་ཕྲུག་བུ་མོ་གསུམ་གྱིས་ཁོའི་འཚོ་བའི་རིན་ཐང་དང་དམིགས་ཡུལ་ལ་འགྱུར་ལྡོག་ཆེན་པོ་བཏང་བ་དང་ནང་སེམས་སུ་ཉལ་བའི་ཁྲེལ་གཞུང་དང་བརྩེ་འདང་གིས་བདེ་སྐྱིད་ཀྱི་འཚོ་བ་ཞིག་གི་དྲོད་འཁོལ་བསུས།

གང་ལྟར་མཐའ་མཇུག་གློག་བརྙན་འདི་ལ་སྡོམ་ཚིག་ཅིག་བཞག་ན། ཚན་རིག་ལག་རྩལ་དར་བས་ཕྱི་ཡུལ་གྱི་དངོས་པོའི་འཕེལ་རྒྱས་མིའི་རིགས་ཀྱི་དམིགས་པའི་བསྙེག་བྱ་ཞིག་ཏུ་ཆགས་ཡོད་ཀྱང་། ད་དུང་བདེ་སྐྱིད་ལ་མེད་དུ་མི་རུང་བ་ནི་བརྩེ་འདང་དང་ཁྲེལ་གཞུང་གསོན་པོ་ཡིན་པ་དམར་རྗེན་དུ་བརྗོད་ཡོད།