དྲ་རྒྱའི་ཁ་པར།སྔ་མའི་པར་གཞི་དེ རྡོ་རྗེ་རབ་བརྟན།  ནས 2016-12-09 10:17ལ་འགྲུབ།

དྲ་རྒྱའི་ཁ་པར།

དྲ་རྒྱའི་ཁ་པར།
དྲ་རྒྱའི་ཁ་པར་ལVOIPཁ་པར་ཡང་ཟེར་ལ། དེ་ནི་སྦྲེལ་རེས་དྲ་རྒྱ་བརྒྱུད་ནས་ཐད་ཀར་ཕ་རོལ་པའི་གཏན་འཇགས་ཁ་པར་དང་ལག་འཁྱེར་ཁ་པར་སྟེང་ཁ་པར་གཏོང་བ། དེའི་ནང་དུ་རྒྱལ་ནང་ཐག་རིང་ཁ་པར་དང་རྒྱལ་སྤྱིའི་ཐག་རིང་ཁ་པར་འདུ་ལ། དེ་མ་ཟད་འགྲོ་གྲོན་ནི་སྲོལ་རྒྱུན་ཁ་པར་འགྲོ་གྲོན་གྱི10%ནས20%ཡིན་པ་རེད། སྤྱི་ཁོག་ནས་བཤད་ན་མཉེན་ཆས་ཁ་པར་དང་སྲ་ཆས་ཁ་པར་གྱི་དབྱེ་བ་ཡོད་པ་དང་། མཉེན་ཆས་ཁ་པར་ནི་གློག་ཀླད་སྟེང་ནས་མཉེན་ཆས་ཕབ་ལེན་བྱས་རྗེས། དྲ་རྒྱའི་ཁ་པར་བྱང་བུ་ཉོ་དགོས་པ་དང་། དེ་རྗེས་ཉན་ཆས་ལ་བརྟེན་ནས་ཕ་རོལ་པར་གླེང་མོལ་བྱེད་པ་མངོན་འགྱུར་ཡོང་ཐུབ། སྲ་ཆས་ཁ་པར་ནི་ཀུང་སི་དང་ཁ་པར་ཁང་སོགས་ཀྱིས་སྤྱད་ན་འོས་འཚམ་ཡིན་པ་རེད། ཐོག་མར་སྐད་གདངས་དྲ་སྒོ་ཞིག་དགོས་པ་དང་། དྲ་སྒོའི་སྣེ་གཅིག་ལམ་འཚོལ་ཆས་སྟེང་དུ་འབྲེལ་མཐུད་བྱེད་པ་དང་། སྣེ་གཞན་ཏེ་སྤྱིར་བཏང་གི་ཁ་པར་འཕྲུལ་ཆས་སྟེང་དུ་སྦྲེལ་ཏེ། དེ་རྗེས་སྤྱིར་བཏང་ཁ་པར་འཕྲུལ་ཆས་ཀྱིས་ཐད་ཀར་དྲ་རྒྱ་བརྒྱུད་ནས་རང་དབང་ངང་ཁ་པར་གཏོང་ཆོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
网络电话
ཕྱི་ཡིག་གི་མིང་།
VOIP
མིང་གཞན།
VOIPཁ་པར།
སྒྲ་གློག་བརྗེ་སྤོར།
གློག་རྫ་སོགས་སྒྲིག་ཆས།
སྐད་གདངས་ཨང་སྒྲིག
G.711,G723.1,G.729A
1 ཁ་པར་གྱི་རྩ་བའི་རིགས་པ།

དྲ་རྒྱའི་ཁ་པར་ནི་སྐད་གདངས་བརྡ་རྟགས་གྲངས་འཛིན་ཅན་བརྒྱུད་ནས་སྒྲིག་གཅོད་དང་གནོན་སྐྱོང་ཨང་སྒྲིག་ཐུམ་རྒྱག་བྱེད་པ་དང་། དྲ་རྒྱའི་བརྒྱུད་གཏོང་བརྒྱུད་པ་དང་། དེ་རྗེས་བསྡུས་འགྲོལ། ཨང་ཀིའི་བརྡ་རྟགས་སོར་ཆུད་བྱས་ནས་སྒྲ་རུ་གྲུབ་པ་དང་། ཕ་རོལ་པོས་གོ་བར་བྱེད་པ། སྐད་སྒྲ་ཁུངས་སྣེ་རིམ་པ་ནས་དམིགས་འབེན་རིམ་པར་སླེབས་པའི་གཞི་རྩའི་བརྒྱུད་རིམ་ནི།

1.སྒྲ་གློག་བརྗེ་སྤོར། གློག་གནོན་རྫ་དཀར་སོགས་རིགས་འདྲ་བའི་སྒྲིག་ཆས་ལ་བརྟེན་ནས་སྒྲ་རླབས་དེ་གློག་གི་བརྡ་རྟགས་སུ་བརྗེ་འགྱུར་བྱེད་པ།

2.ཚད་འབེབས་དཔེ་སྒྲུག ལད་ཟློས་གློག་གི་བརྡ་རྟགས་ཏེ་དཔེ་ལེན་ཐབས་ག་གེ་མོ་ལྟར་ཨང་ཀིའི་བརྡ་རྟགས་སུ་བརྗེ་སྒྱུར་བྱེད་པ།

འཕྲིན་ཡིག་ཐུམ། དུས་ངེས་ཅན་ཞིག་ལ་གྲངས་འཛིན་ཅན་དུ་བསྒྱུར་བའི་སྐད་གདངས་བརྡ་རྟགས་སྐོར་གཅིག་བྱས་ཏེ་ལྡེབ་གཅིག་བྱས་པ་དང་། དེ་རྗེས་རྒྱལ་སྤྱིའི་གློག་སྦྲེལ(ITU-T)ཡི་ཚད་གཞི་ལྟར། སྐད་སྒྲའི་ལྡེབ་འདི་དག་ཐུམ་སྒྲིལ་བྱས་ཏེRTPཚགས་ཡིག་ཞིག་གི་ནང་འཇོག་པ་དང་། དེ་ནས་རིམ་བཞིནUDPཚགས་ཡིག་དང་ཚགས་ཡིག་ཁྲོད་དུ་ཐུམ་སྒྲིལ་བྱེད་པ།

3.བརྒྱུད་གཏོང་། སྐད་གདངས་དྲ་སྒོ། སྤྱིར་བཏང་གི་ཁ་པར་དྲ་རྒྱ་བརྒྱུད་ནས་ཁ་པར་གཏོང་ཐུབ་པའི་གློག་རྡུལ་སྒྲིག་ཆས་ཞིག་ཡིན།

2 དྲ་སྒོའི་ཞུག་གྲངས།

◆རམ་འདེགས་གྲོས་མཐུན། MGCPSIPགྲོས་མཐུན།

◆སྐད་གདངས་ཨང་སྒྲིག G.711,G723.1,G.729A

◆ཀུན་གྱི་ཕྱོགས་ལ་རྒྱབ་སྐྱོར་བྱེད་པ། Freelink(TM)ལག་རྩལ།

◆རམ་འདེགས་བྱེད་པ། PPP/PPPoE,DNS、DHCPགྲོས་མཐུན།

◆PBXཡི་གཞི་རྩའི་བྱེད་ལས་ལྡན་པ། བྲེལ་འཕྲད་སྤོ་མཐུད། འཕུར་ཐིག སྤོ་མཐུད་སོགས།

◆སྲོག་ཉེན་ལས་གཡོལ་ཐབས་བྱེད་པའི་བྱེད་ལས་ལྡན་པ། དྲ་བ་ཆད་པ་དང་གློག་ཆད་རྗེསVoIPསྐུད་ལམ་རང་འགུལ་ངངPSTNསྐུད་ལམ་ལ་འགུལ་ལྡིང་བྱེད་པ།

◆802.1Q/1p VLANདང་སྐད་གདངས་ལ་སྔོན་ཐོབ་རམ་འདེགས་བྱེད་པ།

◆སྒྲ་མེད་རྒྱབ་སྐྱོར་ཚོད་འཛིན་དང་། ཞིབ་དཔྱད་ཚད་ལེན། བྲག་ཆ་ཚོད་འགོག སྐྱིད་སྣང་དོད་པའི་འཛེར་སྒྲ་བྱུང་བ། ཕན་སྐྱེད་ཚོད་འཛིན།

◆DTMFཨང་གཏོང་ལེན་ལ་རྒྱབ་སྐྱོར་བྱེད་པ།




དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལག་རྩལ། དྲ་རྒྱ། དྲ་རྒྱའི་ཁ་པར།