བསྐྱེད་རིམ་སྒོམ་པའི་གནས་སྐབས་བཞི།སྔ་མའི་པར་གཞི་དེ འཕགས་མོ་རིན་ཆེན།  ནས 2017-03-01 16:10ལ་འགྲུབ།

བསྐྱེད་རིམ་སྒོམ་པའི་གནས་སྐབས་བཞི།

1.ལས་དང་པོ་བ། 2.ཡེ་ཤེས་ཅུང་ཟད་བབས་པ། 3.ཡེ་ཤེས་ལ་ཅུང་ཟད་དབང་བ། 4.ཡེ་ཤེས་ལ་ཡང་དག་པར་དབང་ཐོབ་པ་བཅས་ཡིན།
1 རྒྱས་འགྲེལ།

1.ལས་དང་པོ་བ། 2.ཡེ་ཤེས་ཅུང་ཟད་བབས་པ། 3.ཡེ་ཤེས་ལ་ཅུང་ཟད་དབང་བ། 4.ཡེ་ཤེས་ལ་ཡང་དག་པར་དབང་ཐོབ་པ་བཅས་ཡིན། དེ་ཡང་དང་པོ་གསུམ་ནི་བསྐྱེད་རིམ་ལ་གནས་པའི་སྒྲུབ་པ་པོའི་དབང་དུ་བྱས་པ་དང༌། དེ་ལ་བསྐྱེད་རིམ་དང་རྫོགས་རིམ་གཉིས་ཀའི་སྒྲུབ་པ་པོ་ཡོད། བསྐྱེད་རིམ་ལ་མཚོན་ན། 1.ལས་དང་པོ་བ་ནི། ཐོགམར་བསྐྱེད་རིམ་སྒོམ་པ་ནས་བཟུང་ཕྲ་བ་སྐྱེ་མཆེད་ཀྱི་ལྷ་སོགས་ལྟ་ཅི། རགས་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཙམ་ལ་ཡང་གསལ་སྣང་ཐོན་མ་ཐུབ་པའི་བར་ཡིན། 2.ཡེ་ཤེས་ཅུང་ཟད་བབས་པ་ནི། རགས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཙམ་ལ་གསལ་སྣང་ཐོན་པ་ནས། གས་པའི་རྟེན་དང་བརྟེན་པ་སྐད་ཅིག་གིས་གསལ་བར་སྣང་ཞིང༌། ཕྲ་བ་སྐྱེ་མཆེད་ཀྱི་ལྷ་རྣམས་སྐད་ཅིག་གིས་གསལ་བར་སྣང་མི་ཐུཔ་པར་རིམ་གྱིས་གསལ་འདེབས་དགོས་པའི་བར་ཡིན། 3.ཡེ་ཤེས་ལ་ཅུང་ཟད་དབང་བ་ནི། རགས་པའི་ལྷ་ཚོགས་ལྟ་ཞོག་ཕྲ་བ་སྐྱེ་མཆེད་ཀྱི་ལྷ་སོགས་ཀྱང་སྐད་ཅིག་གིས་གསལ་བར་སྣང་ནུས་པ་དེ་ཡིན། 4.ཡེ་ཤེས་ལ་ཡང་དག་པར་དབང་ཐོབ་པ་ནི། བསྐྱེད་རིམ་གྱི་ཆ་ནས་བཤད་ན་བསམ་གཏན་ཙམ་གྱིས་ལས་ཚོགས་རྣམས་འགྲུབ་ཐུབ་པ་དེ་ཡིན། ཞིབ་པར་བླ་མེད་རྒྱུད་ཀྱི་བསྐྱེད་རིམ་གྱི་ཁྲིད་ཡིག་རྒྱས་པ་རྣམས་ལ་གཟིགས་ན་གསལ།