གླ་རྩི།སྔ་མའི་པར་གཞི་དེ ཆོས་དབྱིངས།འཕགས་མོ།  ནས 2016-11-15 16:17ལ་འགྲུབ།

གླ་རྩི།

གླ་རྩི།
རི་དྭགས་གླ་བ་ཕོའི་ལྟེ་བ་ནས་བྱུང་བའི་རྫས་ནག་པོ་དྲི་བཟང་གི་རྒྱུ་དང་སྨན་བཟང་བོ་ཞིག་ཡིན། རོ་ཁ། ཞུ་རྗེས་བསིལ། ནུས་པས་དུག་ནད་དང་། མཆིན་ནད། མཁལ་མའི་གཉན་ཚད། སྲིན་ནད། གཉན་རིམས་བཅས་ལ་ཕན།
1 ལོ་ཙཱ།

རྒྱ་ཡིག 麝香

དབྱིན་ཡིག musk

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  རི་དྭགས་གླ་བ་ཕོའི་ལྟེ་བ་ནས་བྱུང་བའི་རྫས་ནག་པོ་དྲི་བཟང་གི་རྒྱུ་དང་སྨན་བཟང་བོ་ཞིག་ཡིན།

2.བརྡ་དག་མིང་ཚིག་གསལ་བ་ལས།  རི་དྭགས་གླ་བའི་ལྟེ་བའི་རྩི། 麝香。

3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  རྩི་སྨན་གྱི་རིགས་ཤིག་སྟེ། རོ་ཁ། ཞུ་རྗེས་བསིལ། ནུས་པས་དུག་ནད་དང༌།  མཆིན་ནད། མཁལ་མའི་གཉན་ཚད། སྲིན་ནད། གཉན་རིམས་བཅས་ལ་ཕན།  麝香。味苦,性凉,功能除毒,治肝病、肾炎、虫疾、疫病等。མིང་གི་རྣམ་གྲངས་ལ་ལྟེ་བའི་དྲི་དང༌། དྲི་ཆེན་ལྟེ་བ།  དྲིའི་རྩི། དྲི་ཡི་གོས་ཅན། དྲི་ཡི་ཐོད། འདོམས་ཀྱི་ངད་རྩི། སྦྲུལ་སྐྲག་བྱེད།  སྦྲུལ་དུག་མྱོས་པའི་མཚན་མ། རི་དྭགས་འཆང༌། རི་དྭགས་ལྟེ་བ། རི་དྭགས་རྩི་བཅས་སོ། །

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག གླ་བས་རྩྭ་ཆུ་ཟོས་པའི་བཅུད་དམ་རྩི་ལོགས་སུ་འདུས་ནས་གོང་བུར་གྱུར་པ་ལས་བྱུང་བའམ། ཡང་ན་གླ་བ་ལས་བྱུང་ཞིང་རྩི་སྨན་གྱི་སྡེར་གཏོགས་པས་གླ་རྩི་ཞེས་འབྱུང་ཁུངས་སམ་སྡེ་ཚན་ལ་ལྟོས་ནས་བཏགས་པའི་གླ་བའི་འདོམས་སུ་སྐྱེས་པའི་སྨན་གྱི་མིང་སྟེ། འདི་ནི་སྲོག་ཆགས་གླ་བ་ཡི་ལྟེ་བའི་དྲི་ཞིམ་རྨེན་སྣོད་ལས་བྱུང་བའི་ཟགས་ཐོན་དངོས་པོའམ་དྲི་མ་ཡིན་ཞིང༌། ཕྱིའི་ལྤགས་ཐུམ་ལ་སྤུ་སྐྱ་བོ་ཐུང་ངུ་འཁྱིལ་ནས་སྐྱེ་བ་དང༌། དཀྱིལ་དུ་བུ་ག་གཉིས་ཡོད་པ་གཅིག་ནི་གཅིན་ལམ་དང་ཅིག་ཤོས་ནི་གླ་རྩིའི་སྐྱི་ལྤགས་ཀྱི་ཁ་ཡིན། སྐྱི་ལྤགས་ཀྱི་ནང་དུ་སེར་པགས་ཞེས་སྐྱི་མོ་སྲབ་པོས་ཕྱི་ནང་རིམ་པར་གཡོགས་ཡོད་པ་དང་། ནང་དུ་རྩི་ནག་པོ་ལ་ཁམ་ཞད་ཡོད་པ། ཕྱེ་མའམ་རྡོག་པོར་འཁྲིལ་བ་ཅི་རིགས་ལ་དྲི་ཤིན་ཏུ་ཞིམ་པོ་འཐུལ་བའོ། །རོ་ཁ། ཞུ་རྗེས་བསྐ། ནུས་པ་བསིལ། སྲིན་ནད། གཉན་ཚད་སོགས་སེལ་བར་བྱེད།