ཆ་ག་བ།(དག་ཡིག)སྔ་མའི་པར་གཞི་དེ ཆོས་དབྱིངས།འཕགས་མོ།  ནས 2016-10-28 16:06ལ་འགྲུབ།

ཆ་ག་བ།(དག་ཡིག)

ཆ་ག་བ།(དག་ཡིག)
ལོ་ཏོག་དང་རྩྭ་ས་ལ་གནོད་པའི་འབུ་ཞིག་གི་མིང་།
1 ལོ་ཙཱ།

རྒྱ་ཡིག 蝗虫,蚱蜢

དབྱིན་ཡིག locust, grasshopper

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ལོ་ཏོག་དང་རྩྭ་ས་ལ་གནོད་པའི་འབུ་ཞིག་གི་མིང་སྟེ། ཡུལ་སྐད་དུ་འབུ་འ་ཇག་ཀྱང་ཟེར་ཞིང་། རིགས་མང་བོ་ཞིག་ཡོད།

2.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  ཙིར་སྒྲ་དང་བཅས་ཅུང་ཟད་འཕུར་ཞིང་མཆོངས་འགྲོས་བྱེད་པའི་འབུ་ཞིག 蝗虫,舴艋。

3.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག སྟོན་དུས་སྤང་སོགས་ཀྱི་སྟེང་དུ་འབྱུང་བའི་འབུ་ནམ་མཁར་འཕུར་ཚེ་ཚག་ཚག་ཅེས་གཤོག་སྒྲ་འབྱིན་པ་ཞིག་གི་མིང་སྟེ། ཆེ་ཆུང་མཐེ་བོང་ཙམ་ལ་མདོག་ཁམ་ནག་དང་ཁམ་སྨུག་སོགས་སྣ་ཚོགས་མཆིས་ཤིང་རྐང་ལག་དྲུག་གི་བར་ཡངས་པ་དང༌། རྐང་པ་རིང་པོར་བརྟེན་ནས་འགྲོ་མཆོངས་བྱེད་ཅིང་གཤོག་ཟུང་ལྡན་པས་བར་སྣང་ལའང་འཕུར་ཐུབ་ཀྱི་ཡོད། ཟས་སུ་གྲོ་དང་འབྲས་ཀྱི་མྱུ་གུ་ཟ་ཞིང་དེ་མིན་རྩྭ་རིགས་སྣ་ཚོགས་ཀྱང་ཟ། རྩྭ་གསེབ་དང་ས་ཁུང་དུ་ཚང་བཅོས་སྒོ་ང་བསྙལ་ཏེ་ཕྱི་ལོའི་ཟླ་བ་བཞི་པ་དང་ལྔ་པའི་ནང་ཕྲུ་གུ་བཙས་ནས་ཟླ་བ་བརྒྱད་པ་དགུ་པའི་མཚམས་སུ་སྐྱེད་བསྲིངས་ལེགས་པོ་འབྱུང་ཐུབ། རོ་མངར་ལ་ཚ། ཞུ་རྗེས་མངར། ནུས་པ་བསིལ་ལ་སྣུམ་པ། ངོ་བོའི་ནུས་པ་ཆ་གའི་མགོ་བོས་བྱང་དུག་འཇོམས་པ་དང༌། དེའི་ཁ་ནས་སྐྱུགས་པའི་ཆུར་བདུད་རྩི་སྨུག་པོ་ཞེས་གྲགས་པ་དེས་ནི་ཀླད་པ་འཛག་པ་གཅོད་པར་བྱེད།