ཕེ་ཀིན།སྔ་མའི་པར་གཞི་དེ འབའ་ཚེར།  ནས 2016-09-30 16:11ལ་འགྲུབ།

ཕེ་ཀིན།

ཕེ་ཀིན།
དེང་རབས་ཚོད་ལྟའི་ཚན་རིག་གི་སྲོལ་འབྱེད་མཁན་ཕེ་ཀིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
弗朗西斯·培根
དབྱིན་ཇིའི་མིང་།
Francis Bacon
འཁྲུངས་འདས་ཀྱི་ལོ་ཚིགས།
1561 AD~1626 AD
རྒྱལ་ཁབ།
དབྱིན་ཇི།
མཛད་རྗེས་གཙོ་བོ།
ཚོད་ལྟའི་ཚན་རིག་གི་སྲོལ་ཕྱེས་པ།
ཚབ་བྱེད་བརྩམས་ཆོས།
《ཡོ་བྱད་གསར་བ》
1 ངོ་སྤྲོད་མདོར་བསྡུས།

དབྱིན་ཇིའི་དངོས་གཙོ་རིང་ལུགས་ཀྱི་མཚན་ཉིད་རིག་པ་དང་། བསམ་བློ་བ། ཚན་རིག་པ་ཧྥོ་ལིང་ཞི་སི·ཕེ་ཀིན(Francis Bacon,弗朗西斯·培根1561 AD~1626 AD)ནི་སྐུ་དྲག་གི་ཁྱིམ་དུ་སྐྱེས།

2 མཛད་རྗེས་གཙོ་བོ།

ཁོང་ནི་རིག་རྩལ་བསྐྱར་དར་སྐབས་ཀྱི་རླབས་ཆེན་མི་སྣའི་ཁྲོད་མཚན་ཉིད་རིག་པ་དང་། ཚན་རིག་ལོ་རྒྱུས་ཀྱི་དུས་རབས་གསར་འབྱེད་མཁན་ཡིན་པས། མར་ཁེ་སིས "དབྱིན་ཇིའི་དངོས་གཙོ་རིང་ལུགས་པ་དང་དེང་རབས་ཚོད་ལྟའི་ཚན་རིག་གི་སྲོལ་འབྱེད་མཁན"ཞེས་བསྔགས་བརྗོད་མཛད། ཁོང་གིས《ཡོ་བྱད་གསར་བ》(《新工具》 )ལས། ཚོད་ལྟ་དང་ཕྱོགས་བསྡུས་ཐབས་ལ་བརྟེན་ནས་སྣང་ཚུལ་བར་གྱི་རྒྱུ་དང་འབྲས་བུའི་འབྲེལ་བ་ངེས་དགོས་པའི་ལྟ་བ་བཏོན་པར་མ་ཟད། དེ་ལ་བརྟེན་ནས་ཉམས་མྱོང་རིང་ལུགས་ཀྱི་ཚན་རིག་གི་ཞིབ་འཇུག་བྱེད་ཐབས་གསར་དུ་བཙུགས་པས། ཕྱོགས་བསྡུས་ཐབས་འདོན་མཁན་དང་། ཚོད་ལྟའི་ཚན་རིག་གི་སྲོལ་འབྱེད་མཁན་ཞེས་པའི་སྙན་གྲགས་ཐོབ། 

ཁོས་མི་རབས་རྗེས་མར་གདམས་པའི་ལེགས་བཤད་ནི"ཤེས་ཡོན་ནི་སྟོབས་ཤུགས་ཡིན"ཞེས་པ་དེ་ཡིན་ལ། ཤེས་ཡོན་འཕེལ་བར་བརྟེན་ནས་སྐྱེ་བོ་ཀུན་གྱི་ཡིད་དབང་འཕྲོག