མཛོ་མོ་ནུ་རྩེ།སྔ་མའི་པར་གཞི་དེ ཚེ་རིང་འབུམ།  ནས 2016-09-30 16:05ལ་འགྲུབ།

མཛོ་མོ་ནུ་རྩེ།

འདིའི་གནས་རི་ནི་འབའ་རྫོང་ཞོལ་མ་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ5ཙམ་ལྷག་གི་མཚམས་ན་ཡོད་པའི་མཛོ་མོ་ནུ་རྩེ་ཞེས་པའི་རྫ་རི་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
佐莫尼则
ལ་ཏིང་གི་མིང་།
mdzo mo nu rtse
རིགས་དབྱེ།
གཞི་བདག
མཚོ་འཕགས།
སྨི4671
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་འབའ་རྫོང་ཞོལ་མ་ཡུལ་ཚོ།
གནས་ཡུལ།
འབའ་རྫོང་ཞོལ་མ་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ5ཙམ་གྱི་སར་ཡོད།
1 ངོ་སྤྲོད།

འདིའི་གནས་རི་ནི་འབའ་རྫོང་ཞོལ་མ་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ5ཙམ་ལྷག་གི་མཚམས་ན་ཡོད་པའི་མཛོ་མོ་ནུ་རྩེ་ཞེས་པའི་རྫ་རི་དེ་ཡིན། སའི་གོ་ལའི་བྱང་གི་འཕྲེད་ཚད34°55′ནས35°08′ཀྱི་མཚམས་དང་། ཤར་གྱི་གཞུང་ཚད100°14′ནས100°46′གི་མཚམས་ན་ཡོད། འདི་ནི་རྩེ་དྲུག(ཤ་བོ་རི་རྩེ་དང་། མཛོ་མོ་ནུ་རྩེ། བྱ་དུར་རྒོད་རྩེ། སྤ་ར་སྟག་རྩེ། ཆུ་དམར་མཐོང་རྩེ། མཛོད་སྲུང་ཁྱུང་རྩེ་བཅས)དང་སྙིང་བདུན(ཆུ་ནག་སྒྲོ་སྙིང་དང་། གད་པ་གཡག་སྙིང་། མ་མོ་མཁྲིས་སྙིང་། པཎ་ཆེན་ཤེའུ་སྙིང་། གློ་བ་གླང་སྙིང་། ཁྲ་མོ་འུག་སྙིང་ངམ་གད་པ་འུག་སྙིང་། གསེར་སྙིང་བཅས)དུ་གྲགས་པའི་རྩེ་དྲུག་ནང་གི་གཅིག་ཡིན། འདིའི་རྒྱབ་ཕྱོགས་ནི་མཛོ་མོ་དགུ་མཐའ་ལུང་བ་དང་འབྲེལ་ལ། མདུན་ཕྱོགས་ནི་སྟག་བསོད་ཆུ་དང་འབྲེལ་ཡོད། དབུ་རྩེའི་མཐོ་ཚད་ལ་མཚོ་ངོས་ལས་སྨི4671ཡོད་ཅིང་། འབའ་རྫོང་མངའ་ཁོངས་ཀྱི་ཆེས་མཐོ་བའི་རི་རྩེ་ཡིན། གནས་རི་འདིའི་རྩེ་མོ་རྫ་རི་དང་རྐེད་པ་སྤང་རི་ཡིན།

རི་དྭགས་ཀྱི་རིགས་ལ། གསའ། དྲེད་མོ། སྤྱང་ཀི གནའ་བ། ཤ་བ་དང་ཡུ་མོ། གླ་བ། ཁ་ཤ། རྒོ་དམར། ཝ། བྱི་བ། རི་བོང་། ཨ་བྲ། བྱི་ལོང་། སྲེ་མོང་སོགས་ཡོད། འདབ་ཆགས་ཀྱི་རིགས་ལ། རྒོད་ཐང་དཀར། ཐང་ནག གླག བྱ་གོ་བོ། བྱ་ནེ་ལེ། ཁྲ། རྫ་ཁའི་གོའུ་ཡག བྱ་ཕོ་རོག བྱ་སྲེག་པ། བྱ་གོང་མོ། བྱ་ཕུག་རོན། བྱེའུ་སྣ་ཚོགས་ཡོད། སྐྱེ་དངོས་ཀྱི་རིགས་ལ། གསོམ་པ། ཤུག་པ། གླང་མ། སྤེན་མ། དབྱར་རྩྭ་དགུན་འབུ། ཐང་ཕྲོམ། ལྕུམ་རྩ། གངས་ལྷ་མེ་ཏོག་སོགས་མེ་ཏོག་སྣ་ཚོགས། སྤང་རྩྭའི་རིགས་སྣ་ཚོགས་བཅས་ཡོད། མཛོ་མོ་ནུ་རྩེ་ཡོད་པའི་རྫ་རྒྱུད་འདི་ནི་རྨ་ཆེན་གངས་རིའི་ར་ལག་ཅིག་ཡིན་ཞིང་། མུ་ཝོས་རི་འཛིག་གི་རྫ་རྒྱུད་དང་ར་རྒྱ་དགོན་པའི་བར་ན་ཡོད་ཅིང་། བྱང་ཤར་གྱི་མཚམས་ནས་བཟུང་རླབས་ཕྲེང་གི་དབྱིབས་སུ་ལྷོ་ནུབ་ཕྱོགས་ཀྱི་རྨ་ཆུ་ཁའི་བར་དུ་བསྲིངས་འདུག སྤྱིའི་རིང་ཚད་ལ་སྤྱི་ལེ30ཙམ་ཡོད་། རི་རྒྱུད་འདིའི་དབུ་རྩེ་ཚུགས་ཀ་ནི་མཛོ་མོའི་ནུ་མའི་དབྱིབས་དང་མཚུངས་པས་མིང་ཡང་དེ་སྐད་དུ་ཐོགས།