པར་པ་ཏ།སྔ་མའི་པར་གཞི་དེ བྱ་མདོ་ཀླུ་མོ་མཚོ།  ནས 2016-09-27 17:55ལ་འགྲུབ།

པར་པ་ཏ།

པར་པ་ཏ།
སྔོ་སྨན་གྱི་རིགས་ཤིག་སྟེ། རོ་ཁ། ཞུ་རྗེས་བསིལ། ནུས་པས་རིམས་ཚད་དང་། དུག་ཚད་སེལ།
1 ལོ་ཙཱ།

རྒྱ་ཡིག 角茴香

དབྱིན་ཡིག a type of herbal medicine

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ད་ལྟ་ངོས་འཛིན་པ་ནི་ལོ་མང་སྐྱེ་བའི་རྩྭ་ལྡུམ་ལོ་མ་སིལ་བུ་ཐང་ལ་ཉལ་ཞིང་། མེ་ཏོག་དཀར་བོ་ཆུང་ངུ་། གང་བུ་ཕྲ་རིང་ནང་དུ་ས་བོན་ནག་པོ་སྐེ་ཚེའི་འབྲུ་ལྟ་བུ་ཡོད་པ་ཞིག་ཡིན། རྩྭ་ཡོངས་རྫོགས་སྨན་བྱེད་ཆོག

2.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  སྔོ་སྨན་གྱི་རིགས་ཤིག་སྟེ། རོ་ཁ། ཞུ་རྗེས་བསིལ། ནུས་པས་རིམས་ཚད་དང་། དུག་ཚད་སེལ། མིང་གི་རྣམ་གྲངས་ལ་འཁྲི་ཞིང་རལ་པ་ཅན་དང་། སྔོན་པོ་ཆིག་ཐུབ། མི་རྒན་རལ་པ་ཅན། རིམས་འཇོམས་བཅས་སོ།།

3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  སྔོ་སྨན་གྱི་རིགས་ཤིག་སྟེ། རོ་ཁ། ཞུ་རྗེས་བསིལ། ནུས་པས་རིམས་ཚད་དང༌། དུག་ཚད་སེལ། 角茴香。罂粟科药用草本植物。味苦,性凉。功能避瘟解毒。མིང་གི་རྣམ་གྲངས་ལ་འཁྲི་ཤིང་རལ་པ་ཅན་དང༌། སྔོན་པོ་ཆིག་ཐུབ། མི་རྒན་རལ་པ་ཅན། རིམས་འཇོམས་བཅས་སོ། །

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་དཀར་པོ་སྙུང་རིལ་དབྱིབས་ཕྲ་ཞིང་རིང་བར་ཨ་ར་འདྲ་བའི་རྩ་ཕྲན་ཐར་ཐོར་ཡོད་པ། ལོ་མ་ལྗང་དཀར་སྐྱེ་རིམ་གཉིས་ཀྱི་སྒྲོ་དབྱིབས་མང་ལ་ངར་པ་རིང་བ་གཞི་རྩ་ནས་སྐྱེ་བའི་དབུས་ནས་སྡོང་པོ་ལྗང་སྐྱ་ཕྲ་ལ་རིང་བ་ཁ་ཤས་དོན་ཏེ་དེ་ལས་ཡལ་ག་གྱེས་ཤིང་ས་ལ་འབྱར་ནས་སྐྱེ་བ། སྡོང་པོར་སྐྱེ་བའི་ལོ་མ་རྣམས་ཁ་སྤྲོད་སྐྱེ་ཞིང་ངར་པ་ཐུང་བ། མེ་ཏོག་དཀར་ཆུང་འདབ་མ་མང་བ་སྡོང་པོ་དང་ཡལ་གའི་རྩེར་འཆར་བ། གང་བུ་ཕྲ་ལ་རིང་བའི་བར་མཚམས་སུ་ཉག་ག་ཡོད་པའི་ནང་འབྲུ་གུ་དཀར་པོ་ཞིབ་ཅིང་མང་བ་དབྱིབས་མོན་སྲན་འདྲ་བ་སྟེ། བོད་ཀྱི་ས་གནས་ཕལ་ཆེ་བའི་ཚེར་མའི་གསེབ་དང༌། ས་རྒོད། རི་མ་ཐང་གི་ཞིང་གསེབ་སོགས་སུ་སྐྱེ་བ་མང་། ལོ་སྡོང་མེ་ཏོག་ལྷན་ཅིག་བོད་ཟླ་དྲུག་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་སྔོ་ཆོལ་རྨ་ཕབ་ཐོག་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་མཁྲིས་ཚད་རྒྱས་པ་དང༌། རིམས་དང་དུག་ཚད་རྒྱས་པ། མཆིན་པར་ཚ་བ་རྒྱས་པ། ཚ་བ་མ་སྨིན་པ་སོགས་སེལ་བར་བྱེད་པ་ཡིན།