ཧེ་ནགསྔ་མའི་པར་གཞི་དེ གཡུ་འབྲུག  ནས 2016-09-28 09:52ལ་འགྲུབ།

ཧེ་ནག

ཧེ་ནག་ཅེས་པ་ནི་ལ་གཟར་མོ་གཉིས་ཀྱི་མིང་ཡིན་ཏེ། འདི་ལ་ཧེ་ནག་གོང་ཞོལ་གཉིས་ཡོད་ཅིང་། གཉིས་ཀའང་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཅང་སི་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ30ཡི་མཚམས་ན་ཡོད། ལུང་བ་ཁ་ལྷོ་ལྟ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黑乃亥
ལ་ཏིང་གི་མིང་།
he nag
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཅང་སི་ཡུལ་ཚོ།
གནས་ཡུལ།
ཅང་སི་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་ན་ཡོད།
1 ངོ་སྤྲོད།

ཧེ་ནག་ཅེས་པ་ནི་ལ་གཟར་མོ་གཉིས་ཀྱི་མིང་ཡིན་ཏེ། འདི་ལ་ཧེ་ནག་གོང་ཞོལ་གཉིས་ཡོད་ཅིང་།  གཉིས་ཀའང་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཅང་སི་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ30ཡི་མཚམས་ན་ཡོད། ལུང་བ་ཁ་ལྷོ་ལྟ་ཞིག་ཡིན། ཧེ་ནག་ཅེས་པ་སོག་སྐད་ཡིན།  ཡུལ་འདི་གའི་བོད་སྔ་རབས་པས་འདི་ལ་མཛོ་ཆད་གོང་ཞོལ་ཟེར།  སྔོན་དུས་མཛོ་མང་པོ་ལ་འདི་གཉིས་བརྒྱུད་ནས་འགྲོ་སྐབས།  རང་ཤུགས་ཀྱིས་ཐང་ཆད་པར་འགྱུར་བར་གྲགས་པས་མིང་ལའང་དེ་སྐད་དུ་ཐོགས་ཤིང་། ཕྱིས་སུ་སོག་པོས་ས་འདི་བཟུང་སྐབས།  ལ་འདི་གཉིས་ལ་ཧེ་ནག་ཅེས་བཏགས་པའི་དོན་ཡང་འདི་ཡིན། 


བརྡ་འགྲེལ་གདོང་འཛར།

ས་ཁམས། ས་གཤིས། གྲོག་རོང་།