ཧ་ད་ལུང་བ།སྔ་མའི་པར་གཞི་དེ གཡུ་འབྲུག  ནས 2016-09-28 09:52ལ་འགྲུབ།

ཧ་ད་ལུང་བ།

ཧ་ད་ལུང་བ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་སྤྲེའུ་ནག་ཡུལ་ཚོ་མངའ་ཁོངས་ཀྱི་ལུང་བ་ཞིག་ཡིན་ལ། སྤྲེའུ་ནག་ཡུལ་ཚོ་སྲིད་གཞུང་གི་ལྷོ་ཕྱོགས་ན་ཡོད། ལུང་བ་ཁ་བྱང་ལྟ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
哈达龙哇
ལ་ཏིང་གི་མིང་།
ha da lung ba
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་གསེར་ཆེན་རྫོང་སྤྲེའུ་ནག་ཡུལ་ཚོ།
གནས་ཡུལ།
སྤྲེའུ་ནག་ཡུལ་ཚོ་སྲིད་གཞུང་གི་ལྷོ་ཕྱོགས་ན་གནས་ཡོད།
1 ངོ་སྤྲོད།

ཧ་ད་ལུང་བ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་སྤྲེའུ་ནག་ཡུལ་ཚོ་མངའ་ཁོངས་ཀྱི་ལུང་བ་ཞིག་ཡིན་ལ། སྤྲེའུ་ནག་ཡུལ་ཚོ་སྲིད་གཞུང་གི་ལྷོ་ཕྱོགས་ན་ཡོད། ལུང་བ་ཁ་བྱང་ལྟ་ཞིག་ཡིན། འདི་ནི་སོག་བོད་སྐད་གཉིས་སྦྲགས་མའི་ས་མིང་ཞིག་ཡིན་ལ། ཧ་ད་ཞེས་པ་ནི་སོག་སྐད་དེ།  བྲག་རི་གཟར་མོའི་དོན་ཡིན་པར་བཤད།  ལུང་བ་འདིའི་ནང་བྲག་རི་གཟར་མོ་མང་བས་མིང་ཡང་དེ་སྐད་དུ་ཐོགས་སོ། །  འདིའི་མིང་ཟུར་དང་འབྲེལ་ནས་ཐོགས་པའི་ས་མིང་ལ་ད་དུང་ཧ་དའི་རྒྱབ་ལུང་དང་། ཧ་དའི་མཚམས་ཁང(འདི་ནི་གྲུབ་ཆེན་སྐལ་ལྡན་རྒྱ་མཚོ་དང་། ཁ་རག་སྒོམ་ཆེན། སྐྱབས་མགོན་ཞབས་དཀར་བ་སོགས་མཁས་གྲུབ་དམ་པ་དུ་མའི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་ཁམས་ཆེན་ཞིག་ཡིན་ལ། བྲག་སྐྱ་རྡོ་རྗེ་རྫོང་ཡང་ཟེར)།  ཧ་དའི་ཆུ་ལྟ་བུའང་ཡོད།


བརྡ་འགྲེལ་གདོང་འཛར།

ས་ཁམས། ས་གཤིས། གྲོག་རོང་།