པུའུ་ལ་ཧོ།སྔ་མའི་པར་གཞི་དེ འབའ་ཚེར།  ནས 2016-09-25 11:46ལ་འགྲུབ།

པུའུ་ལ་ཧོ།

པུའུ་ལ་ཧོ།
གནམ་དཔྱད་རིག་པའི་ལོ་རྒྱུས་སྟེང་མིག་གིས་ལྟ་ཞིབ་བྱེད་མཁན་གྱི་གནམ་དཔྱད་རིག་པ་བ་ཐོག་མ་དང་། སྐག་རྩིས་རིག་པ་བ་ཏི་ཀུའུ·པུའུ་ལ་ཧོ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
第谷·布拉赫
དབྱིན་ཇིའི་མིང་།
Tycho Brahe
འཁྲུངས་འདས་ཀྱི་ལོ་ཚིགས།
1546 AD~1601 AD
རྒྱལ་ཁབ།
སུའེ་ཏེན།
མཛད་རྗེས་གཙོ་བོ།
1.ནམ་མཁར་རྟོག་དཔྱོད་བྱེད་ཚུལ་གྱི་དག་ཚད་མཐོ་བའི་ཐབས་ཤེས་གསར་གཏོད་བྱས་པ། 2.དྲང་སྲོང་བཙུན་མོའི་སྐར་ཚོམ་ཁྲོད་ཀྱི་ཏི་ཀུའུ་སྐར་གསར་རྙེད་པ།
1 ​ངོ་སྤྲོད་མདོར་བསྡུས།

ཏི་ཀུའུ·པུའུ་ལ་ཧོ(Tycho Brahe,第谷·布拉赫1546 AD~1601 AD)ནི་ཏེན་མག་རྒྱལ་ཁབ་ཀྱིས་དབང་བསྒྱུར་མྱོང་བའི་ཡུལ་ཏེ། དེང་གི་སུའེ་ཏེན་རྒྱལ་ཁབ་ཀྱི་ཁོང་གཏོགས་སི་ཁེན་ན(Scania,斯科讷)ཞེས་པར་ཁྲིམས་རྩོད་པ་ཞིག་གི་ཁྱིམ་དུ་སྐུ་འཁྲུངས།

2 མཛད་རྗེས་གཙོ་བོ།

ཁོང་ནི་གནམ་དཔྱད་རིག་པའི་ལོ་རྒྱུས་སྟེང་མིག་གིས་ལྟ་ཞིབ་བྱེད་མཁན་གྱི་གནམ་དཔྱད་རིག་པ་བ་ཐོག་མ་དང་། སྐག་རྩིས་རིག་པ་བ(The astrologer,占星学家)ཞིག་ཡིན། ཁོས་སྤྱི་ལོ1572ལོའི་ཟླ11པའི་ཚེས11ཉིན་གྱི་སྲོད་ལ། དྲང་སྲོང་བཙུན་མོའི་སྐར་ཚོམ་དུ་སྐར་མ་ཞིག་ཇེ་མང་དུ་ཡོང་འདུག་པ་མཐོང་། དེ་ནི་དེང་སྐབས“ཏི་ཀུའུ་སྐར་གསར”ཞེས་འབོད་པ་དེ་རེད།

ཏི་ཀུའུ་ཡིས་ནམ་མཁར་རྟོག་དཔྱོད་བྱེད་ཚུལ་གྱི་དག་ཚད་མཐོ་བའི་ཐབས་ཤེས་གསར་གཏོད་བྱས་ཏེ། དེང་རབས་ཀྱི་གནམ་དཔྱད་རྟོག་དཔྱོད་ལ་ཐབས་ཤེས་སྨྲ་བའི་རྨང་བཏིང་། ཁོའི་ལོ་ཉི་ཤུའི་རིང་གི་དག་ཚད་མཐོ་བའི་གནམ་དཔྱད་ལྟ་ཞིབ་བྱས་པའི་དཔྱད་གཞིའི་ཡིག་རིགས་ཀྱིས། ཁའེ་ཕུའུ་ལེ་ཡིས་གཏན་སྲོལ་གསུམ་འཛུགས་པར་གཞི་རྩའི་ཉམས་མྱོང་ཐད་ཀྱི་ཤེས་བྱ་དངོས་མཁོ་འདོན་བྱས་པའོ།།