ལྟ་བ།སྔ་མའི་པར་གཞི་དེ ཨ་རྡོ  ནས 2016-09-13 10:52ལ་འགྲུབ།

ལྟ་བ།

རྒྱལ་དབང་སྐུ་ཕྲེང་བརྒྱད་པའི་ཡོངས་འཛིན་མཁས་མཆོག་ཡེ་ཤེས་རྒྱལ་མཚན་གྱི་སེམས་སེམས་བྱུང་གི་སྡོམ་ཚིག་ཏུ། འདོད་ཆགས་ཁོང་ཁྲོ་ང་རྒྱལ་དང་། །མ་རིག་པ་དང་ཐེ་ཚོམ་དང་། །ལྟ་བ་ཉོན་མོངས་ཅན་རྣམས་སོ། །ཞེས་རྩ་ཉོན་དྲུག་ཏུ་དབྱེ་བའི་ནང་གསེས་ཤིག་སྟེ། ཆོས་གང་རུང་ལ་དམིགས་ནས་ལོག་པར་རྟོག་པའམ་མ་རྟོགས་པའི་རྣམ་པ་ཅན་གྱི་སེམས་བྱུང་ཞིག་ལ་བྱའོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
ཕྱི་ཡིག་གི་མིང་།
view
1 མཚན་ཉིད།

ཆོས་གང་རུང་ལ་དམིགས་ནས། ལོག་པར་རྟོག་པའི་རྣམ་པ་ཅན་གྱི་སེམས་བྱུང་དེ་རྩ་ཉོན་དུ་གྱུར་པའི་ལྟ་བའི་མཚན་ཉིད།

2 མཚན་གཞི།

ལས་རྒྱུ་འབྲས་དང་དཀོན་མཆོག་གསུམ། བདེན་པ་བཞི་སོགས་མེད་པར་སྨྲ་བ་ལྟ་བུའོ། །

3 དབྱེ་བ།

འཇིག་ལྟ་དང་མཐར་ལྟ། ལྟ་བ་མཆོག་འཛིན། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན། ལོག་ལྟ་བཅས་ལྔར་དབྱེའོ། །