ཐུའོ་ལེ་སྨི།སྔ་མའི་པར་གཞི་དེ འབའ་ཚེར།  ནས 2016-09-19 08:51ལ་འགྲུབ།

ཐུའོ་ལེ་སྨི།

ཐུའོ་ལེ་སྨི།
ས་ལྟེ་མ་ལག་སྟེ། སའི་གོ་ལ་ལྟེ་བར་སྨྲ་བའི་ལྟ་བ་འདོན་མཁན་ཐོག་མ་ཐུའོ་ལེ་སྨི།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
克罗狄斯·托勒密
དབྱིན་ཇིའི་མིང་།
ClaudiusPtolemaeus
འཁྲུངས་འདས་ཀྱི་ལོ་ཚིགས།
90 AD~168 AD
རྒྱལ་ཁབ།
ཨེ་ཅིབ།
མཛད་རྗེས་གཙོ་བོ།
1.ས་ལྟེ་མ་ལག་སྟེ། སའི་གོ་ལ་ལྟེ་བར་སྨྲ་བའི་ལྟ་བ་བཏོན་པ། 2.ཐུའོ་ལེ་སྨི་ས་ཁྲ།
འཐུས་ཚབ་བརྩམས་ཆོས།
《གནམ་དཔྱད་རིག་པའི་སྤྱི་བཤད》(པོད13)དང་། 《ས་རྒྱུས་རིག་པའི་ཕྱོགས་སྟོན》(པོད8)
1 ཐུའོ་ལེ་སྨི།

གནའ་བོའི་ཀེ་རི་སེའི་གནམ་དཔྱད་རིག་པ་དང་། ས་རྒྱུས་རིག་པ་བ། འོད་རིག་པ་བ་ཁི་ལོ་ཡུ་སི·ཐོ་ལི་སྨི(ClaudiusPtolemaeus,克罗狄斯·托勒密90 AD~168 AD)ནི་གནའ་བོའི་ཨེ་ཅིབ་ཏུ་སྐུ་འཁྲུངས་ཤིང་། ཡབ་ཡུམ་གཉིས་ནི་ཀེ་རི་སེའི་མི་ཡིན།

2 མཛད་རྗེས་གཙོ་བོ།

ཁོང་གིས་སྐུ་ཚེ་གང་བོར་ལྗགས་རྩོམ་མང་དུ་གནང་མོད། དེ་ལས《གནམ་དཔྱད་རིག་པའི་སྤྱི་བཤད》(པོད13)དང་། 《ས་རྒྱུས་རིག་པའི་ཕྱོགས་སྟོན》(པོད8)ཞེས་པའི་བརྩམས་ཆོས་གཉིས་མིང་དུ་གྲགས། སྔ་མ་ནི་ཞུའུ་ཕོ་ཧ་སི(喜帕恰斯)ཡི་ཞིབ་འཇུག་གི་གྲུབ་འབྲས་གཞིར་བཟུང་ནས་བརྩམས་པའི་ནུབ་གླིང་གི་གནམ་དཔྱད་རིག་པའི་ཤེས་བྱ་ཀུན་ཁྱབ་ཅིག་རེད། དེར་གཙོ་བོ་ས་ལྟེའི་མ་ལག་སྟེ། སའི་གོ་ལ་ལྟེ་བར་སྨྲ་བ་དང་། ཉི་ཟླ་གཟའ་སྐར་གྱིས་སའི་གོ་ལར་སྐོར་བ་རྒྱག་བཞིན་པ་བསྟན་འདུག དེ་ཉིད་དུས་རབས16པའི་དུས་དཀྱིལ་དུ་ཁོ་ཕེར་ཉི་ཡི་ཉི་ལྟེ་སྨྲ་བའི་ལྟ་བ་མ་བཏོན་པའི་ཡར་སྔོན་དུ་གནམ་དཔྱད་རིག་པའི་གཞུང་ལུགས་སུ་གྲུབ། ཕྱི་མ་ནི་གནའ་བོའི་ཀེ་རི་སེའི་རྩིས་དངོས་དང་ས་རྒྱུས་ཤེས་བྱའི་སྤྱི་བསྡོམས་ཏེ། མ་ལེ་ནོ་སི(马里努斯)ཡི་ལས་ཀ་རྨང་གཞི་བྱས་ཐོག ཡ་ལི་ཧྲན་ཏ་དཔེ་མཛོད་ཀྱི་ཡིག་ཚགས་ལ་ཟུར་ལྟ་བྱས་ནས་བརྩམས་པ་ཞིག་ཡིན། པོད་དང་པོ་ལས་ས་རྒྱུས་རིག་པའི་མ་ལག་དང་། གཉིས་པ་ནས་བདུན་པའི་བར་དུ་ཡ་ཧྥེ་དང་ཡོ་གླིང་སྐམ་ས་ཆེན་པོའི་ས་གནས8100ལྷག་གི་གནས་ཡུལ་རེའུ་མིག བརྒྱད་པ་ལས་འཛམ་གླིང་གི་ས་ཁྲའི་དཔེ་རིས27དང་། ས་ཁུལ26གྱི་དཔེ་རིས་བྲིས་འདུག་ཅིང་། དེར་ཐུའོ་ལེ་སྨི་ས་ཁྲ་ཞེས་འབོད།