ཨ་ཅི་སྨི་ཏུ།སྔ་མའི་པར་གཞི་དེ འབའ་ཚེར།  ནས 2016-09-09 16:30ལ་འགྲུབ།

ཨ་ཅི་སྨི་ཏུ།

ཨ་ཅི་སྨི་ཏུ།
ཨ་ཅི་སྨི་ཏུ་ནི་གནའ་བོའི་ཀེ་རི་སེའི་མཚན་ཉིད་རིག་པ་བ་དང་ཚན་རིག་པ། རྩིས་རིག་པ། དངོས་ལུགས་རིག་པ་བ་བཅས་ཡིན་ལ། འཇགས་རྣམ་ཤུགས་རིག་དང་རྒྱུག་གཟུགས་ཞི་ཤུགས་རིག་པའི་རྨང་འདིང་མཁན་ཀྱང་ཡིན། ཁོང་ལ་ཤུགས་རིག་པའི་ཡབ་ཆེན་ཞེས་པའི་མཚན་སྙན་གསོལ་ཡོད་ལ། ཁོང་དང་ཀའོ་སི། ཉིའུ་ཏུན་གསུམ་ལ་འཛམ་གླིང་གི་རྩིས་རིག་པ་ཆེན་པོ་གསུམ་དུ་གྲགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿基米德
ཕྱི་ཡིག་གི་མིང་།
Archimedes
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ་སྔོན་གྱི(287-212)
རྒྱལ་ཁབ།
གནའ་བོའི་ཀེ་རི་སེ།
ལས་རིགས།
ཚན་རིག་པ། རྩིས་རིག་པ། དངོས་ལུགས་རིག་པ་བ།
བྱས་རྗེས་གཙོ་བོ།
དབྱིབས་གཟུགས་ཀྱི་རྒྱ་ཁྱོན་དང་བོངས་ཚད་བརྩི་ཐབས། གཡེང་ཤུགས་གཏན་སྲོལ་དང་འཇའ་ཤིང་རྩ་བའི་རིག་པ་གསར་གཏོད་མཛད་པ།
1 ​ངོ་སྤྲོད།

ཨ་ཅི་སྨི་ཏུ་ནི་དབྱི་ཐ་ལིའི་ཞི་ཞི་ལུ་གླིང་ཕྲན་གྱི་ཞུའུ་ལཱ་གྲོང་ཁྱེར་དུ་སྐྱེས་ཤིང་། ཁོང་གི་ཨ་ཕ་ནི་གནམ་དཔྱད་རིག་པ་བ་ཞིག་ཡིན། ཁྱིམ་ཚང་གི་རིག་གཞུང་གིས་ཁོང་ལ་ཤུགས་རྐྱེན་ཆེན་པོ་ཐེབས། ཨ་ཅི་སྨི་ཏུ་ལོ་ན་གཞོན་དུས་སུ་སྐབས་དེའི་དཔལ་འབྱོར་དང་རིག་གནས་ཀྱི་ལྟེ་གནས་ཨེ་ཅིབ་ཡཱ་ལི་ཧྲན་ཏཱ་གྲོང་ཁྱེར་ནས་ཨའོ་ཅི་ལི་ཏུའི་སློབ་མ་ཚོ་དང་མཉམ་དུ་སློབ་སྦྱོང་བྱས་ལ། ཡཱ་ལི་ཧྲན་ཏཱ་དཔེ་མཛོད་གླིང་ནས་སློབ་སྦྱོང་བྱས། ཡཱ་ལི་ཧྲན་ཏཱ་དང་ཁ་བྲལ་རྗེས་ཁོང་ད་དུང་ཡཱ་ལི་ཧྲན་ཏཱ་ཡི་མཁས་པ་རྣམས་དང་འབྲེལ་བ་ཟབ་མོ་ཡོད། གནའ་བོའི་ཀེ་རི་སེའི་ཤེས་རིག་གི་དཔལ་ཡོན་ཁྲོད་འཚར་ལོངས་བྱུང་བའི་ཆེས་རླབས་ཆེན་གྱི་ཚན་རིག་པ་ཞིག་དང་། འཛམ་གླིང་སྟེང་གི་དངོས་ལུགས་རིག་པ་བ་ཐོག་མ། རྩིས་རིག་ཉེར་སྤྱོད་པ་ཐོག་མ་བཅས་ཡིན།

2 རྩིས་རིག་མཁན་པོ།

ཁོང་གིས་འཕྲུལ་ཆས་རིག་པ་དང་རྒྱུག་གཟུགས་ཞི་ཤུགས་རིག་པ་གསར་གཏོད་མཛད་དེ་གཡེང་ཤུགས་རྩ་བའི་རིགས་པ་དང་སྒོར་མཐའི་གྲངས་ཚད་འཇལ་ཐབས་རྟོགས། དབྱིབས་རྩིས་ཕྱོགས་ནས་ཨ་ཅི་སྨི་ཏུའི་སྤྱི་ལུགས་བཏོན་པ་རེད། ད་དུང་འཕྲུལ་ཆས་མང་པོ་གསར་གཏོད་བྱས་ལ། དཔེར་ན་དུང་འཁྱིལ་དང་། ལྗིད་འདེགས་འདྲེད་འཁོར། རྡོ་འཕངས་འཕྲུལ་ཆས། གྲུ་འདེགས་འཕྲུལ་ཆས་སོགས་འཕྲུལ་ཆས་མི་ཉུང་བ་ཞིག་དེང་རབས་ཚན་རིག་གི་ཁྱབ་ཁོངས་སུ་གཏོགས།

ཨ་ཅི་སྨི་ཏུའི་མི་ཚེ་གང་བོར་གཏམ་རྒྱུད་མང་པོ་དར་ཁྱབ་བྱུང་ཡོད་ལ་དེ་ལས་ཆེས་མིང་དུ་གྲགས་པ་ནི་རང་ཉིད་ཀྱི་མི་ཚེ་ཚན་རིག་ལ་ཕུལ་བ་དེ་རེད། རོ་མའི་དམག་དཔུང་གིས་ཁོང་གི་ཕ་ཡུལ་ཞུའུ་ལཱ་གྲོང་ལ་འཇབ་རྒོལ་བྱེད་དུས་ཁོང་གིས་རྩིས་གཞོང་ངོས་ནས་དབྱིབས་རྩིས་ཤིག་གི་དཀའ་གནད་སེལ་བཞིན་པའི་སྒང་ཡིན། གློ་བུར་དུ་གྲིབ་མ་ནག་པོ་ཞིག་གིས་ཁོང་གི་མིག་ལམ་བསྒྲིབས་པ་དང་རྩིས་གཞོང་སྟེང་བྲིས་པའི་དབྱིབས་རྩིས་ལ་རྡོག་བརྫིས་བྱས། ཁོང་གིས་ཨ་རོགས། ཁྱེད་ཀྱིས་ངའི་རྩིས་གཞོང་ལ་རྡོག་བརྫིས་བཏང་ནས་ཅི་བྱེད། ངའི་དབྱིབས་རྩིས་ལ་རྡོག་བརྫིས་བྱས་སོང་ཞེས་འུར་བརྒྱབ་མོད་རོ་མའི་དམག་མི་དེས་ཁོང་ཉིད་སུ་ཡིན་མི་ཤེས་པས་གྲི་བཏོན་ནས་གསོད་རྩིས་བྱས། ཁོང་གི་གནས་ཚུལ་གསལ་བོ་རྟོགས་རྗེས་བག་ལྷོད་སྒོས་ང་ལ་དུས་ཚོད་ཉུང་ཙམ་བྱིན་དང་། རྩིས་འདིའི་དཀའ་གནད་ད་དུང་བཀྲོལ་མེད་པས་མ་འོངས་པར་འཇིག་རྟེན་ལ་བསྒྲུབ་བྱ་ཞིག་བསྐྱུར་ན་མི་རུང་ཞེས་བརྗོད་ཀྱང་རྨོངས་རྟུལ་ཅན་གྱི་རོ་མའི་དམག་མི་དེ་དག་གིས་སྙིང་རྗེ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཁོང་ཉིད་བཀྲོངས་པ་རེད།

ཁོང་གི་ལེགས་བཤད་ང་ལ་འཇའ་སྟེགས་ཤིག་གནོངས་དང་། ངས་སའི་གོ་ལ་ཡང་འཇའ་ཤིག་གིས་འདེགས་ཐུབ་ཅེས་པ་ད་ལྟ་ད་དུང་གྲགས་ཆེ།