ནེམ།སྔ་མའི་པར་གཞི་དེ རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ།  ནས 2016-08-06 17:34ལ་འགྲུབ།

ནེམ།

༡ གྱོང་བའི་ལྡོག་ཟླ་སྙི་ཞིང་འབོལ་བ། ༢ བརླན་ཆུང་ངུའི་མིང་།
1 ལོ་ཙཱ།

རྒྱ་ཡིག 松软动弹

དབྱིན་ཡིག soft and springy

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས། ①(རྒྱན་ཚིག)གྱོང་བའི་ལྡོག་ཟླ་སྙི་ཞིང་འབོལ་བ་སྟེ། འབོལ་གདན་མནན་ན་ནེམ་ཞིང་བཏགས་ན་འཕར། རས་ནེམ་ནེམ་བྱེད་ལྟ་བུ། ②བརླན་ཆུང་ངུའི་མིང་སྟེ། ས་ལ་ནེམ་ཡོད། པགས་པ་མཉེས་ན་ནེམ་རྔ་ལེན་དགོས་ཞེས་པ་ལྟ་བུ།

2.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས། ①གྱོང་བའི་ལྡོག་ཟླ་སྙི་ཞིང་འབོལ་བ་སྟེ།  འབོལ་གདན་མནན་ན་ནེམ་ཞིང་བཏགས་ན་འཕར།  རས་ནེམ་ནེམ་བྱེད་ལྟ་བུ། ②བརླན་ཆུང་ངུའི་མིང་སྟེ། ས་ལ་ནེམ་ཡོད།  པགས་པ་མཉེས་ན་ནེམ་རྔ་ལེན་དགོས་ཞེས་པ་ལྟ་བུ།    ③དལ་བུས་མཉེ་བའི་དོན།  བུད་མེད་ལག་པའི་འཆང་བར་ནེམ་བྱེད་ཅིང་།  སླར་ཡང་སོར་མོ་གཅིག་གཉིས་གསུམ་གྱི་བར།  རིམ་གྱིས་བཀྲོལ་ཏེ་ཕུགས་སུ་བཏང་བར་བྱ།   ཞེས་གསུངས་སོ།།

3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  འབོལ་འབོལ་ལམ་ཞོམ་ཞོམ་དུ་འགུལ་ཚུལ། 松软动弹,轻缓颇动貌:སྦུད་པ་ལག་པས་ནེམ་ནེམ་དུ་གནོན། 用手轻缓地压动皮火筒。ས་གཞི་མནན་ན་ནེམ་ནེམ་བྱེད་པ་དང༌། བཏེག་ན་ཕར་ཕར་བྱེད་པ། 地面柔软,随足起伏。

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  རྒྱན་ཚིག  མཁྲེགས་པོའི་ལྡོག་ཟླ་སྟེ། སྙི་ཞིང་འབོལ་བ། དཔེར་ན། གནན་ན་ནེམ་ཞིང་བཏེགས་ན་འཕར་བྱེད་པ། །བདེ་འཇམ་ཡངས་པའི་ཞིང་དེར་སྐྱེས་པར་ཤོག་ལྟ་བུ། མིང་ཚིག  བརླན་ཆུང་ངུ་ཡོད་པའི་དོན།  དཔེར་ན། ས་ཐོག་ཏུ་མ་འདུག་ནེམ་ཡོད་ལྟ་བུ།