པད་མ།སྔ་མའི་པར་གཞི་དེ སྦྱིན་པ།  ནས 2016-08-04 11:45ལ་འགྲུབ།

པད་མ།

པད་མ།
ཁོང་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་དུ་སྐྱེས། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན་པ་དང་། འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
白玛
སྐྱེས་ལོ།
སྤྱི་ལོ1946ལོའི་ཟླ4བ།
རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
མི་རིགས།
བོད་རིགས།
སྐྱེས་ཡུལ།
མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ།
དད་མོས།
གུང་ཁྲན་རིང་ལུགས།
མཐར་ཕྱིན་སློབ་གྲྭ།
ཀྲུང་དབྱང་ཏང་གི་སློབ་གྲྭ།
1 ​ངོ་སྤྲོད།

ཁོང་ནི་སྤྱི་ལོ1946ལོའི་ཟླ4བར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་དུ་སྐྱེས།  སྤྱི་ལོ1968ལོར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། སྤྱི་ལོ1965ལོར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན་པ་དང་། འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1965ལོའི་ཟླ9བ་ནས་ཡུལ་ཤུལ་ཁུལ་མི་རིགས་དགེ་འོས་སློབ་གྲྭ་དང་ཁྲི་འདུ་རྫོང་མི་རིགས་ཆ་ཚང་སློབ་ཆུང་དུ་དགེ་རྒན་གྱི་ལས་ཀ་བསྒྲུབས།

སྤྱི་ལོ1968ལོ་ནས་ཁྲི་འདུ་རྫོང་སྲིད་གཞུང་གི་རིག་གནས་འཕྲོད་བསྟེན་ཚན་ཁག་དང་གུང་གཞོན་ཚོགས་པའི་ཁྲི་འདུ་རྫོང་ཨུ། ཁྲི་འདུ་རྫོང་ཨུ་སོགས་སུ་ལས་ཀ་བསྒྲུབས། 

སྤྱི་ལོ1976ལོ་ནས་གུང་གཞོན་ཚོགས་པ་ཁྲི་འདུ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་མཚོ་སྔོན་ཞིང་ཆེན་སློབ་གསོ་ཅུའུ་ཅུའུ་ཀྲང་། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུ་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ1981ལོའི་ཟླ9བ་ནས་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུ་ཧྲུའུ་ཅིའི་འགན་བཞེས། (སྤྱི་ལོ1981ལོའི་ཟླ9བ་ནས1982ལོའི་ཟླ7པའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས།)

སྤྱི་ལོ1983ལོའི་ཟླ4བ་ནས་མཚོ་སྔོན་ཞིང་ཆེན་ཕྱུགས་ལས་ཐིན་གྱི་ཐིན་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ1985ལོ་ནས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་གྱི་འགན་བཞེས།

སྤྱི་ལོ1993ལོའི་ཟླ1པོ་ནས་མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པའི་འགན་བཞེས། 

སྤྱི་ལོ2001ལོའི་ཟླ11པ་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུ་ཧྲུའུ་ཅུ་གཞོན་པའི་འགན་བཞེས། 

སྤྱི་ལོ2001ལོའི་ཟླ12པ་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུ་ཧྲུའུ་ཅི་གཞོན་པ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅུའི་འགན་བཞེས།

སྤྱི་ལོ2007ལོའི་ཟླ2པ་ནས་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞིའི་འགན་བཞེས། 

སྤྱི་ལོ2008ལོའི་ཟླ1པར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་དང་པོའི་སྟེང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རུ་བདམས།

ཀྲུང་གུང་སྐབས་བཅུ་དྲུག་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་སྟེང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་བདམས།



དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། སྲིད་འཛིན། པད་མ།