ཀུན་དགའ།སྔ་མའི་པར་གཞི་དེ སྦྱིན་པ།  ནས 2016-08-04 08:57ལ་འགྲུབ།

ཀུན་དགའ།

ཀུན་དགའ།
ཀུན་དགའ་ཕུན་ཚོགས་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ནས་སྐྱེས་པའི་བོད་ཀྱི་ན་གཞོན་གཞས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
根呷彭措
སྐྱེས་ལོ།
སྤྱི་ལོ1981ལོའི་ཟླ9བའི་ཚེས3ཉིན།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
བོད་རིགས།
སྐྱེས་ཡུལ།
སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་།
ལས་རིགས།
གཞས་པ།
མཐར་ཕྱིན་སློབ་གྲྭ།
སི་ཁྲོན་རོལ་དབྱངས་སློབ་གླིང་།
འཐུས་ཚབ་བརྩམས་ཆོས།
《ལྷ་སའི་ཆང་ཁང》《ལྷ་སའི་བུ་མོ》
ཨ་མ་ལགས་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟི།
1 ​ངོ་སྤྲོད།

ཀུན་དགའ་ཕུན་ཚོགས་ནི་སྤྱི་ལོ1981ལོའི་ཟླ9བའི་ཚེས3ཉིན། གླིང་གེ་སར་རྒྱལ་བོའི་ཕ་ས་སྡེ་དགེ་རྫོང་དུ་སྐྱེས་པའི་བོད་ཀྱི་ན་གཞོན་གཞས་པ་ཞིག་ཡིན་ལ། ཁོས་དེང་རབས་བོད་ལྗོངས་ཀྱི་གཞོན་ནུ་ཚོའི་ཁྱད་ཆོས་ངོམས་པའི་གླུ་གཞས་མང་བོ་བརྩམས་མྱོང་།  དེ་བས་གཞོན་སྐྱེས་མང་བོ་ཞིག་ཁོའི་གླུ་གཞས་ལ་ཧ་ཅང་དགའ་བོ་འདུག 

2 འཁྲབ་སྟོན་བརྒྱུད་རིམ།

སྤྱི་ལོ2001ལོར། སི་ཁྲོན་འཁོར་སྐར་འཕྲིན་ལམ་གྱི་ཀྲུང་གོའི་གླུ་གཞས་ཆེད་ཚོགས་སྟེང་འཁྲབ་སྟོན་མི་སྣར་སྐུལ་ལྕག་བྱས།

སྤྱི་ལོ2014ལོར། དྲི་ཟའི་སྙན་དབྱངས་ཞེས་པའི་བོད་གཞས་ཆེད་ཚོགས་ལེ་ཚན་དུ་ཞུགས་ནས《ཕྱེ་ལེབ་ཀྱི་གཤོག་པ》《ཚེ་སྲོག་གི་འབོད་སྐུལ》《བརྩེ་བའི་ཚོ་བ》《འཁྱམ་པའི་གཞས》《གྲོགས་པོ》སོགས་བླངས།

3 བྱ་བའི་གྲུབ་འབྲས།

སྤྱི་ལོ2013ལོར། སི་ཁྲོན་འཁོར་སྐར་འཕྲིན་ལམ་གྱི་ཀྲུང་གོའི་གླུ་གཞས་ཆེད་ཚོགས་སྟེང་བྱ་དགའ་ཨང་དང་པོ་བླངས།

སྤྱི་ལོ2014ལོར།  དྲི་ཟའི་སྙན་དབྱངས་ཞེས་པའི་བོད་གཞས་ཆེད་ཚོགས་ལེ་ཚན་གྱི་འགྲན་སྡུར་ཁྲོད་ཞུགས་ནས་བྱ་དགའ་ཨང་དང་པོ་བླངས།

4 བརྩམས་ཆོས།

གླུ་གཞས་ཆེད་སྒྲིག

《རེ་སྒུག》《དགེ་སློབ་ཆེད་སྒྲིག》《རྒྱུད་དྲུག་པི་ཝང》《ཕྱེ་མ་ལེབ་ཀྱི་གཤོག་པ》《རྨི་ལམ་ནང་གི་ཕ་ཡུལ》《སེམས་ནང་གི་གླུ》

རྐྱང་གཞས།

《ཨ་ཞང་ལོ་ལོ》《འཇའ་ཚོན་འོག་གི་སྨོན་འདུན》《བུ་མོ་ཚེ་རིང་མཚོ་མོ》

5 སྒེར་གཉེར་ཀུང་ཟི།

སྤྱི་ལོ2008ལོའི་ལོ་མཇུག་ཏུ། ཀུན་དགའ་ཡིས་སི་ཁྲོན་ཁྲིན་ཏུའུ་ནས་རང་ཉིད་ཀྱི་གླུ་གཞས་ཀུང་ཟི་གསར་འཛུགས་གནང་། ཀུང་ཟིའི་མིང་ལ་ཨ་མ་ལགས་རིག་གནས་ཁྱབ་སྤེལ་ཀུང་ཟི་ཟེར། ཀུང་ཟི་དེ་སི་ཁྲོན་རོལ་དབྱངས་སློབ་གླིང་གི་ཐག་ཉེ་སར་གནས། ཁྲིན་ཏུའུ་ཡི་རིག་གནས་ཁ་དབུགས་མཐུག་པོ་དེས་ཀུན་དགའ་ཕུན་ཚོགས་ཀྱིས་གླུ་གཞས་གསར་རྩོམ་དེ་དུས་རབས་གསར་བ་ཞིག་ལ་བརྒལ། ཀུང་ཟི་དེར་སྨྱན་མང་སྒྲིག་བཟོ་ཆེད་ལས་མི་སྣ་མང་བོ་བསྡུས་ཡོད་ལ། དེ་དག་ནི་རོལ་དབྱངས་ཀྱི་ཁམས་ན་འཇོན་ཐང་དང་ནུས་རྩལ་ཆེ་བའི་གཞས་གདངས་རྩོམ་པ་པོ་དང་སྒྲ་སྐྱེད་བཟོ་བཀོད་པ། སྒྲ་ལེན་པ་དང་འཁྲབ་འཁྲིད་པ། བརྙན་ལེན་པ་སོགས་བརྙན་གཟུགས་བཟོ་བསྐྲུན་ལས་སྒྲུབ་པ་བཅས་ཡིན


བརྡ་འགྲེལ་གདོང་འཛར།

མི་སྣ། སྒྱུ་རྩལ་བ། ཀུན་དགའ།