སྤྱང་ཚང་།སྔ་མའི་པར་གཞི་དེ འབྲུག་བྱམས་རྒྱལ།  ནས 2017-12-07 17:47ལ་འགྲུབ།

སྤྱང་ཚང་།

སྤྱང་ཚང་ལུང་བ་ནི་མདོ་བ་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་དུ་སྤྱི་ལེ23ཕྱིན་པའི་མཚམས་སུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
江仓
ལ་ཏིང་གི་མིང་།
spyang tsang
སྲིད་འཛིན་ཁོངས་གཏོགས།
རྨ་ལྷོ་ཁུལ་རེབ་གོང་རྫོང་མདོ་བ་ཡུལ་ཚོ།
རིགས་དབྱེ།
ལུང་བ།
རིང་ཚད།
སྤྱི་ལེ12.5།
ཆ་སྙོམས་ཀྱི་ཞེང་ཚད།
སྨི80།
གནས་ཡུལ།
རེབ་གོང་རྫོང་མདོ་བ་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་ཡོད།
1 ངོ་སྤྲོད།

སྤྱང་ཚང་ལུང་བ་ནི་མདོ་བ་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་དུ་སྤྱི་ལེ23ཕྱིན་པའི་མཚམས་སུ་ཡོད་ལ། ཤར་ནས་ནུབ་ཏུ་བསྲིངས་པའི་ལུང་བ་ཞིག་ཡིན་ཞིང་། རིང་ཚད་ལ་སྤྱི་ལེ12.5དང་ཆ་སྙོམས་ཀྱི་ཞེང་ཚད་ལ་སྨི80ཡོད། ལུང་བའི་ནང་རྒྱུན་པར་བཞུར་བའི་ཆུ་ཕྲན་དེ་ཨ་དབྱངས་ནང་ལུང་བར་འབབ་པ་རེད། ལུང་བའི་འགྲམ་གཉིས་སུ་གཟན་རྩྭ་དང་སྡོང་ཕྲན་སྐྱེས་ཡོད། གཞན་ཡང་གནས་འདིར་སྤྱང་ཁྱུ་ཕྱིར་བུད་དེ་ཕྱུགས་ཟོག་ལ་གནོད་འཚེ་གཏོང་བས་མིང་ཡང་དེ་ལྟར་ཐོགས།