གྲམ་དཀར་ལུང་བ།སྔ་མའི་པར་གཞི་དེ བསོད་ནམས་ཚེ་རིང་།  ནས 2016-08-01 18:32ལ་འགྲུབ།

གྲམ་དཀར་ལུང་བ།

གྲམ་དཀར་ལུང་བ་ཞེས་པ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་རྩི་གོར་ཐང་གྲོང་རྡལ་ཆུ་འགག་སྡེ་བའི་ནུབ་ཕྱོགས་སུ་སྤྱི་ལེ20ཙམ་གྱི་མཚམས་ན་ཡོད། ཁ་ནུབ་ཕྱོགས་ནས་བྱང་ཤར་དུ་འཁོར་ཡོད། ལུང་བ་འདིའི་གྱམ་གཞོངས་སུ་རྡོ་དཀར་པོ་མང་བས་ན་མིང་ཡང་དེ་ལྟར་དུ་ཐོགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
坚木盖龙哇
ལ་ཏིང་གི་མིང་།
gram dkar lung ba
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་བྲག་དཀར་རྫོང་རྩི་གོར་ཐང་གྲོང་རྡལ།
གནས་ཡུལ།
རྩི་གོར་ཐང་གྲོང་རྡལ་ཆུ་འགག་སྡེ་བའི་ནུབ་ཕྱོགས་ན་ཡོད།
1 ངོ་སྤྲོད།

གྲམ་དཀར་ལུང་བ་ཞེས་པ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་རྩི་གོར་ཐང་གྲོང་རྡལ་ཆུ་འགག་སྡེ་བའི་ནུབ་ཕྱོགས་སུ་སྤྱི་ལེ20ཙམ་གྱི་མཚམས་ན་ཡོད། ཁ་ནུབ་ཕྱོགས་ནས་བྱང་ཤར་དུ་འཁོར་ཡོད།  ལུང་བ་འདིའི་གྱམ་གཞོངས་སུ་རྡོ་དཀར་པོ་མང་བས་ན་མིང་ཡང་དེ་ལྟར་དུ་ཐོགས། བརྡ་རྙིང་དུ་ར་བཏགས་ལ་ཡ་བཏགས་ལྟར་ཀློག་པས་ན། འདིར་ཡུལ་འདིའི་ཁ་སྐད་བརྡ་རྙིང་གི་སྒོ་དང་བསྟུན་ནས་གྲམ་ལ་གྱམ་ཞེས་བྲིས་པ་ཡིན།


བརྡ་འགྲེལ་གདོང་འཛར།

ས་ཁམས། ས་གཤིས། གྲོག་རོང་།