གྲམ་དཀར་ལུང་བ།སྔ་མའི་པར་གཞི་དེ བསོད་ནམས་ཚེ་རིང་། ནས 2016-08-01 18:28ལ་འགྲུབ།
གྲམ་དཀར་ལུང་བ་ཞེས་པ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ལུང་བཟང་ཡུལ་ཚོ་སྲིད་གཞུང་གི་ལྷོ་ཕྱོགས་སུ་སྤྱི་ལེ60ཙམ་གྱི་མཚམས་ན་ཡོད་ཅིང་།འབྲོང་འཐུས་ལུང་ཆེན་གྱི་ཕུ་འགོའི་ར་ལག་ཅིག་ཡིན། ལུང་བ་འདིའི་འགོ་ཁུངས་ནི་ཆུ་ཁོལ་ཡུལ་ཚོའི་སྟོད་པ་སྡེ་བ་དང་ལུང་བཟང་ཡུལ་ཚོའི་རི་ཕྱོར་སྡེ་བ་གཉིས་ཀྱི་དཀྱིལ་སྒང་ལ་འབྲེལ་ཡོད་ཅིང་། འདིའི་ལུང་མདོ་ནི་ཟམ་སོ་ལ་ཐུག་ཡོད། ལུང་བ་འདིའི་གྲམ་གཞུང་གི་རྡོ་ཡི་ཁ་དོག་དཀར་ཤས་ཆེ་བས་ན་མིང་ཡང་དེ་ལྟར་དུ་ཐོགས།