གནམ་ཐང་།སྔ་མའི་པར་གཞི་དེ བསོད་ནམས་ཚེ་རིང་།  ནས 2016-08-01 18:30ལ་འགྲུབ།

གནམ་ཐང་།

གནམ་ཐང་ཞེས་པ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཆུ་ཁོལ་ཡུལ་ཚོ་སྲིད་གཞུང་གི་གནས་ཡུལ་ཡིན་ལ། བོང་སྟག་གོང་མའི་རྐང་འཛིན་ཚོ་བའི་གྲས་ཀྱང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
南木塘
ལ་ཏིང་གི་མིང་།
gnam thang
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཆུ་ཁོལ་ཡུལ་ཚོ།
གནས་ཡུལ།
ཡུལ་ཚོ་སྲིད་གཞུང་གི་གནས་ཡུལ་ཡིན།
1 ངོ་སྤྲོད།

གནམ་ཐང་ཞེས་པ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཆུ་ཁོལ་ཡུལ་ཚོ་སྲིད་གཞུང་གི་གནས་ཡུལ་ཡིན་ལ།    བོང་སྟག་གོང་མའི་རྐང་འཛིན་ཚོ་བའི་གྲས་ཀྱང་ཡིན། ཆུ་ཁོལ་ཡུལ་ཚོའི་མངའ་ཁོངས་སུ་སྡེ་བ་འདི་ཆགས་སའི་ཐང་འདི་ལས་ཆེ་བ་ཞིག་མེད་པས་ན་འདི་ལ་གནམ་ཐང་དུ་ཐོགས། སྡེ་བ་འདིའི་གླིང་བྲོས་ལུང་བའི་མདོ་ན་རྟོགས་ལྡན་སྐུ་ཕྲེང་གསུམ་པ་པདྨ་འོད་ཟེར་རྣམ་རྒྱལ་ཞུ་བས། སྤྱི་ལོ1887ལོར་ཕྱག་འདེབས་གནངས་པའི་འབྲི་གོང་བཀའ་བརྒྱུད་པའི་དགོན་པ་རྟོགས་ལྡན་ཐུབ་བསྟན་བཤད་སྒྲུབ་དར་རྒྱས་གླིང་ཡོད། གཞན་ཡང་། ཆུ་ཁོལ་ཡུལ་ཚོའི་ཕྱོགས་སུ་བོང་སྟག་གོང་མ་ས་ཆའི་རྩེ་བཅུ་གསུམ་ཟེར་བ་མང་ཚོགས་ཀྱི་ངག་རྒྱུན་དུ་གྲགས་པ་ལས། བྲག་དཀར་ཁྱུང་རྩེ་ཟེར་བ་ནི་གནམ་ཐང་སྡེ་བའི་ནུབ་ཕྱོགས་དང་། ཤ་སྐྱའི་སྟག་རྩེ་ཞེས་པ་ནི་གནམ་ཐང་སྡེ་བའི་ལྷོ་ནུབ་ཏུ་ཡོད།