བློ་སྒོ་འབྱེད་པའི་ལས་འགུལ།སྔ་མའི་པར་གཞི་དེ དར་འབུམ་རྒྱལ།  ནས 2026-09-20 10:16ལ་འགྲུབ།

བློ་སྒོ་འབྱེད་པའི་ལས་འགུལ།

འདིརDKབྱིས་པའི་ལོ་རྒྱུས་རིག་མཛོད་ཆེན་མོ་ལས་བྱུང་བའི་བློ་སྒོ་འབྱེད་པའི་ལས་འགུལ་ཞེས་པའི་ནང་དོན་བཀོད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
启蒙运动
རིགས་དབྱེ།
ལོ་རྒྱུས།
1 ​ངོ་སྤྲོད་མདོར་བསྡུས།

“ཤེས་བྱ་འཚོལ་ཕོད་པ”ནི་བློ་སྒོ་འབྱེད་པའི་ལས་འགུལ་གྱི་སློབ་སྟོན་རྩ་དོན་ཡིན། བློ་འབྱེད་ལས་འགུལ་ནི་དུས་རབས17པའི་དུས་མཇུག་ནས་འགོ་ཚུགས་པ་དང་། དུས་རབས18པའི་སྐབས་སུ་མཇུག་རྗོགས། སྐབས་དེར་ཡོ་རོབ་གླིང་གི་མཚན་ཉིད་རིག་པ་བས་སྲིད་གཞུང་དང་མི་སྒེར་གྱི་རང་དབང་། བློས་འགེལ་ཆོག་པའི་རང་བཞིན། དེ་བཞིན་ཆོས་དད་སོགས་ཀྱི་ཐད་ནས་བསམ་ཚུལ་གསར་པ་བཏོན་ཡོད། གསར་དུ་བྱུང་བའི་བསམ་བློ་བ་འདི་དག་གིས་བསམ་བློ་རྙིང་བ་དོར་ནས་རང་ཉིད་ཀྱི་གཞུང་ལུགས་འཕེལ་རྒྱས་སུ་བཏང་། ཁོ་ཚོའི་བསམ་བློ་ཁ་ཤས་ནི་དབྱིན་ཇིའི་མཚན་ཉིད་རིག་པ་བ་ཡུའེ་ཧན་ལུའོ་ཁུ(སྤྱི་ལོ1632ལོ་ནས་སྤྱི་ལོ1704ལོའི་བར)ཡི་བརྩམས་ཆོས་ལས་བྱུང་བ་དང་། ཡུའེ་ཧན་ལུའོ་ཁུ་ཡིས་མི་ཚང་མ་འདྲ་མཉམ་དང་རང་བཙན་ཡིན་ལ། དབང་སྒྱུར་མི་དམངས་ཀྱི་རྒྱབ་སྐྱོར་ཐོབ་ན་ད་གཟོད་སྲིད་གཞུང་ལ་དབང་སྒྱུར་གྱི་དབང་གྲགས་ལྡན་པར་འདོད། ལྟ་བ་འདི་ནི་ད་ལྟའི་བར་དུ་སྔར་བཞིན་དེང་རབས་ཀྱི་དམངས་གཙོའི་རྨང་གཞི་ཡིན། བསམ་བློ་གསར་པ་དེ་ཧྥ་རན་སིའི་རྒྱལ་ཁབ་དེ་བས་ཀྱང་འཁྲུག་ཆ་དོད་པོ་ཡོད་པ་སྟེ། ཧྥུའུ་ཨེར་ཐའེ་དང་ལུའུ་སུའོ་ལྟ་བུའི་ཧྥ་རན་སིའི་མཚན་ཉིད་རིག་པ་བ་རྣམས་ཀྱིས་རྒྱལ་པོའི་སྲིད་དབང་སྒེར་གཅོད་ཀྱི་བསམ་བློ་དང་དེ་བཞིན་སྐུ་དྲག་དང་ཆོས་དོན་གཉེར་མཁན་ལ་ལྡན་པའི་སྲོལ་རྒྱུན་གྱི་དམིགས་བསལ་དབང་ཆ་འགྲན་སློང་བྱེད་ཕོད་པ་དང་། ཁོ་ཚོས་ད་དུང་མི་ཚང་མར་སློབ་གསོ་མྱོང་བའི་དབང་ཆ་ཡོད་པར་འདོད། བློ་སྒོ་འབྱེད་པའི་ལས་འགུལ་གྱིས་ཡོ་རོབ་གླིང་གི་འཚོ་བའི་ཕྱོགས་སོ་སོར་ཤུགས་རྐྱེན་ཐེབས།