དུས་རབས18པར་ཡོ་རོབ་གླིང་གི་མིས་ཅཱ་ལེ་པི་རུ་བཤུ་གཞོག་བྱས།སྔ་མའི་པར་གཞི་དེ དར་འབུམ་རྒྱལ།  ནས 2026-09-18 15:42ལ་འགྲུབ།

དུས་རབས18པར་ཡོ་རོབ་གླིང་གི་མིས་ཅཱ་ལེ་པི་རུ་བཤུ་གཞོག་བྱས།

འདིརDKབྱིས་པའི་ལོ་རྒྱུས་རིག་མཛོད་ཆེན་མོ་ལས་བྱུང་བའི་དུས་རབས18པར་ཡོ་རོབ་གླིང་གི་མིས་ཅཱ་ལེ་པི་རུ་བཤུ་གཞོག་བྱས་ཞེས་པའི་ནང་དོན་བཀོད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
18世纪欧洲人在加勒比的剥削
རིགས་དབྱེ།
ལོ་རྒྱུས།
1 ངོ་སྤྲོད་བསྡུས་པ།

དུས་རབས16པར་སི་ཕེན་གྱི་མི་སེར་སྤེལ་མཁན་ཅཱ་ལེ་པི་ས་ཁུལ་གྱི་གླིང་ཕྲན་ཁ་ཤས་སུ་གནས་སྤོས་པ་རེད། ཡོ་རོབ་གླིང་གི་རྒྱལ་ཁབ་གཞན་དག་གིས་སི་ཕེན་གྱིས་མི་སེར་སྤེལ་བའི་ཉོ་ཚོང་བརྒྱུད་ནས་རྒྱུ་ནོར་འབོར་ཆེན་ཐོབ་པར་ཕྲག་དོག་བྱེད་ཀྱི་ཡོད། དེར་བརྟེན་དུས་རབས་17པར་སྲིད་གཞུང་གི་ཁས་ལེན་འོག་དབྱིན་ཇི་དང་ཧོ་ལན། ཧྥ་རན་སི་བཅས་ཀྱི་མཚོ་ཇག་གིས་སི་ཕེན་གྱི་མི་སེར་སྤེལ་བའི་ཅཱ་ལེ་པི་གྲོང་ཁྱེར་བཙན་བཟུང་བྱས་པ་མ་ཟད། གནས་དེ་རུ་གཞིས་ཆགས་པ་རེད། ཁོ་ཚོས་བུ་རམ་ཤིང་གི་འདེབས་འཛུགས་གླིང་བཙུགས་ནས་ཡོ་རོབ་གླིང་དུ་མངར་ཆ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བའི་དགོས་མཁོ་སྐོང་བ་མ་ཟད། ཧྥེ་གླིང་ནས་བྲན་གཡོག་ནང་འདྲེན་བྱས་ཏེ་འདེབས་འཛུགས་གླིང་གི་ལས་བཟོ་བ་བྱེད་དུ་བཅུག དུས་རབས18པར་འཛམ་གླིང་གི་མངར་ཆ་མང་ཆེ་བ་ཅཱ་ལེ་པི་ས་ཁུལ་ནས་ཐོན་པ་རེད། ཡོབ་གླིང་དུ་སི་ཕེན་གྱི་སྟོབས་ཤུགས་ཉམས་རྒུད་དུ་སོང་བ་དང་བསྟུན་ནས་རྒྱལ་ཁབ་གཞན་དག་ལ་ཕྱི་རྒྱལ་གྱི་ཉོ་ཚོང་ལེགས་ཆ་དེ་ལས་མང་བ་ཡོད། སྤྱི་ལོ1713ལོར་དབྱིན་ཇིར་ཅ་ལེ་པི་ས་ཁུལ་དུ་ཡོད་པའི་སི་ཕེན་གྱི་མི་སེར་སྤེལ་ཡུལ་གཞན་དག་ལ་བྲན་གཡོག་སྒེར་སྡེམ་བྱེད་པའི་དབང་ཆ་ཐོབ་པ་རེད།