གོང་མ་ཆེན་པོ་པི་ཏུ།སྔ་མའི་པར་གཞི་དེ དར་འབུམ་རྒྱལ། ནས 2026-09-18 17:25ལ་འགྲུབ།
པི་ཏུའི་གཟུགས་པོའི་རིང་ཚད་ལ་སྨི2ཙམ་ཡོད་པ་དང་། གཟུགས་ཆེ་ལ་སྟོབས་དང་ལྡན་པ་ཞིག་ཡིན། ཁོང་གི་གཟུགས་དབྱིབས་དང་བརྗེད་དཀའ་བའི་ཞུམ་པ་མེད་པའི་དཔའ་ངར་གྱིས་ཁེངས་པའི་གཤིས་ཀ་གཉིས་ཧ་ཅང་འཚམ། ཁོ་ནི་ལུས་སྟོབས་རྒྱས་ཤིང་བློ་རྩ་བརྟན་ལ། གདུག་རྩུབ་ཆེ་དུས་འཇིགས་སུ་རུང་བ་ཞིག་ཀྱང་ཡིན། རང་ཉིད་ལ་ངོ་རྒོལ་བྱེད་མཁན་ཞིག་ཡིན་ཕྱིན་རང་གི་བུ་ཡིན་ཡང་སྙིང་རྗེ་སྤུ་ཙམ་ཡང་མེད། ཁོས་བྱ་བ་སྒྲུབ་དུས་སྤྲོ་སེམས་ཀྱིས་ཁེངས་ཡོད་པས་རྩལ་ནུས་མང་པོ་ཐོབ་པ་སྟེ། དཔེར་ན་གྲུ་གཟིངས་བཟོ་བ་དང་ལག་འདོགས་ཆུ་ཚོད་ཞིག་གསོ། མེ་སྒྱོགས་བཟོ་བ། ལྷམ་བཟོ་བ། ཤིང་བརྐོས་དང་སོ་འབལ་བ་སོགས། ཁོས་ཧྲ་ཧོང་ཨུ་རུ་སུ་རྦད་དེ་བཅོས་བསྒྱུར་བྱས།