སི་ཕེན་གྱི་རྒྱལ་རྒྱུད་རྒྱུན་འཛིན་དམག་འཁྲུག་བརྒྱུད་རྗེས། ཧྥ་རན་སིར་ཕྱིར་སླར་གསོ་བྱེད་པའི་དུས་ཚོད་མཁོ་བ་རེད། སྤྱི་ལོ1715ལོར་ལུའུ་དབྱི་སྐུ་ཕྲེང་བཅུ་བཞི་པ་སྐུ་གཤེགས་རྗེས། ལོ་ལྔར་སོན་པའི་བུ་ལུའུ་དབྱི་སྐུ་ཕྲེང་བཅོ་ལྔ་པ་ཤུལ་དུ་བཞག་ཅིང་། དེ་ནས་ཧྥ་རན་སི་སྲིད་ཚབ་སྲིད་གཞུང་གི་གཏན་འཇགས་མིན་པའི་དུས་སུ་སླེབས། ལུའུ་དབྱི་བཅོ་ལྔ་པ་ལོ་བཅུ་དྲུག་ལ་སོན་རྗེས། ཁོའི་དགེ་རྒན་གོས་དམར་ཆོས་དཔོན་ཧྥུའུ་ལེ་ལི་དབུ་བཞུགས་བློན་ཆེན་དུ་བསྐོས། ཧྥུའུ་ལེ་ལིའི་སྲིད་གཞུང་གིས་བཟོ་ལས་དང་ཚོང་ལས་འཕེལ་རྒྱས་ལ་སྐུལ་མ་དང་། རྒྱལ་ཁབ་ཀྱི་ནོར་སྲིད་བསྒྱུར་བཅོས་ཁྱབ་སྤེལ། ཁྲིམས་གཞུང་རྩོམ་སྒྲིག་བཅས་བྱས། ཁོས་ཕྱི་རྒྱལ་དང་མནའ་འབྲེལ་བཙུགས་ནས་ཧྥ་རན་སིའི་མཚོ་དམག་བཙུགས། གལ་ཆེ་ཤོས་ནི་ཧྥུའུ་ལེ་ལིའི་སྲིད་གཞུང་གིས་རྒྱལ་ཁབ་བརྟན་ལྷིང་ཡོང་བར་བྱས་མོད། འོན་ཀྱང་བཟོ་པའི་གྲལ་རིམ་གྱི་གནད་དོན་སྣང་མེད་དུ་བཞག་པའི་དབང་གིས་དུས་སྐབས་དེའི་རིང་བཟོ་བའི་གྲལ་རིམ་ལ་ཡིད་མི་ཚིམ་པའི་གནས་ཚུལ་ཇེ་མང་དུ་སོང་།