འཛམ་གླིང་གསར་བརྗེ།སྔ་མའི་པར་གཞི་དེ དར་འབུམ་རྒྱལ། ནས 2026-09-18 15:27ལ་འགྲུབ།
དུས་རབས18པའི་དུས་འགོར། དབྱིན་ཇིའི་ཞིང་ལས་གསར་བརྗེ་ཡིས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་ཚང་མར་ཤུགས་རྐྱེན་ཟབ་མོ་ཐེབས་ཏེ། བཟོ་ལས་འཕེལ་རྒྱས་ལ་རྨང་གཞི་བཏིང་བ་རེད། ཞིང་ལས་ཀྱི་ལག་རྩལ་གསར་པ་དང་ས་ཞིང་རྒྱ་ཁྱབ་ཏུ་བེད་སྤྱོད་བྱས་པའི་སྟེང་འཕྲུལ་འཁོར་གསར་བ་གསར་སྤེལ་བྱས་པ་དེས་ཞིང་བ་ཉུང་བ་དག་གིས་འབྲུ་རིགས་དེ་བས་མང་པོ་ཐོན་སྐྱེད་བྱེད་ཐུབ་པ་མཚོན། འབྲུ་རིགས་ཐོན་འཕར་གྱིས་རྒྱུན་ཆད་མེད་པར་འཕར་བའི་མི་འབོར་ཡང་གསོ་ཐུབ་ཀྱིན་ཡོད་མོད། འོན་ཀྱང་སྤྱི་བའི་ས་ཞིང་འདེབས་འཛུགས་ལ་བརྟེན་ནས་འཚོ་བ་སྐྱེལ་བའི་གྲོང་མི་དབུལ་བོ་དག་སྤྲང་པོར་མི་འགྱུར་ཀ་མེད་བྱུང་བའམ་ཡང་ན་གྲོང་ཁྱེར་དང་གྲོང་རྡལ་དུ་གནས་སྤོས་ནས་ལས་ཀ་གཞན་འཚོལ་དགོས། དུས་རབས18པའི་དུས་མཇུག་ཏུ་བཟོ་གྲྭ་གསར་བ་བྱུང་བ་དེས་ཡུལ་གྱར་དུ་སོང་བའི་ཞིང་བ་དག་ལ་ལས་ཞུགས་ཀྱི་གོ་སྐབས་མཁོ་འདོན་བྱས།