དུས་རབས16པའི་དུས་མཇུག་ནས་དུས་རབས17པའི་བར། དབྱིན་ཇི་དང་ཧྥ་རན་སི། ཧོ་ལན་བཅས་ཀྱི་ཡུལ་སྤོར་བ་མང་པོ་ཞིག་མེ་གླིང་བྱང་མར་གསེར་དང་དངུལ་འཚོལ་བར་སོང་མོད། འོན་ཀྱང་རྙེད་མ་སོང་། དེར་བརྟེན་ཡུལ་སྤོར་བ་རྣམས་ཀྱིས་རྡོ་ཐ་དང་ཤིང་སྔོན། ཆུ་འབྲས་སོགས་ཞིང་ལས་སྐྱེ་དངོས་མི་འདེབས་ཀ་མེད་བྱུང་བ་དང་ཞིང་ལས་སྐྱེ་དངོས་དེ་དག་ཡོ་རོབ་ཏུ་བཙོངས་ནས་འཚོ་བའི་རྒྱུན་བསྐྱངས། དེའི་ནང་གི་ཡུལ་སྤོར་བ་ཁག་གཅིག་ནི་ཆོས་བའི་ཁྱིམ་ཚང་ཡིན་ཞིང་། ཁོ་ཚོ་རྒྱལ་ནང་གི་ཆོས་ལུགས་ཀྱི་གནོད་འཚེ་དང་བྲལ་ནས་འཚོ་བ་གསར་བ་བསྐྲུན་རྩིས་ཡོད། ཡུལ་སྤོར་བ་གཞན་དག་གིས་ཚོང་ལས་ལ་བརྟེན་ནས་ཕྱུག་པོར་འགྱུར་རྒྱུའི་རེ་བ་བྱེད་ཀྱི་ཡོད། འདེབས་འཛུགས་ར་བའི་བཟོ་བ་མང་ཆེ་བ་ནི་བྲན་གཡོག་གམ་གན་རྒྱའི་ཚོད་འཛིན་ཐེབས་པའི་གཡོག་པོ་ཡིན། ཐོག་མར་ཡུལ་སྤོར་བ་དང་དབྱིན་ཏི་ཨན་གྱི་དེ་སྔའི་སྡོད་དམངས་རྣམས་འཆམ་མཐུན་ངང་མཉམ་གནས་བྱས་པ་དང་། མཛའ་མཐུན་གྱི་དབྱིན་ཏི་ཨན་མི་ཡིས་ཡུལ་སྤོར་བ་རྣམས་ལ་ས་གནས་དེ་གའི་ས་ཞིང་དང་གནམ་གཤིས་ལ་འཚམ་པའི་ཞིང་ལས་སྐྱེ་དངོས་འདེབས་འཛུགས་བྱེད་རོགས་བྱས་པ་མ་ཟད། ཁོང་ཚོ་དང་དངོས་ཟོག་བརྗེ་རེས་ཀྱང་བྱས་པ་རེད།