སྔ་རྗེས་སུ་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་བདེ་འཇགས་རྒྱང་སྒྲོག་ལྟེ་གནས་ཀྱི་རྒྱང་སྒྲོག་དོ་དམ་པུའུ་ཡི་ཁྲུའུ་ཀྲང་གཞོན་པ་དང་། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡི་ལྟ་སྐུལ་དོ་དམ་ལྟེ་གནས་ཀྱི་ཕྱོགས་བསྡུས་ལས་རེས་ཁང་གི་ཀྲུའུ་རེན་གཞོན་པ་དང་ཀྲུའུ་རེན། རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ལྟ་སྐུལ་དོ་དམ་ལྟེ་གནས་ཆ་འཕྲིན་བདེ་འཇགས་ཁྲུའུ་ཡི་ཁྲུའུ་ཀྲང་། རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ལྟ་སྐུལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་སོགས་ཀྱི་འགན་ཁུར།
སྤྱི་ལོ2024ལོའི་ཟླ8པར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི། ཁུལ་དཔོན་གཞོན་པ་བཅས་ཀྱི་འགན་བཞེས།
སྤྱི་ལོ2026ལོའི་ཟླ8པའི་ཚེས28ཉིན། དཀར་མཛེས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གསུམ་པའི་སྟེང་། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པའི་གོ་གནས་དགོངས་ཞུ་དང་ལེན་བྱས་ཏེ། དཀར་མཛེས་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་ལ་ཐོ་འགོད་སྙན་སེང་ཞུ་རྒྱུའི་གྲོས་ཐག་བཅད་པ་རེད།