ཀྲང་ཙེ་ཝུའུ།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2026-09-03 14:49ལ་འགྲུབ།

ཀྲང་ཙེ་ཝུའུ།

ཀྲང་ཙེ་ཝུའུ།
ཁོ་ནི་སྤྱི་ལོ1977ལོའི་ཟླ12པར་སྐྱེས་ཤིང་། ཀན་སུའུ་ལུང་ནན་གྱི་མི་ཡིན་ལ། སྤྱི་ལོ1999ལོའི་ཟླ8པར་ལས་ཀར་ཞུགས་པ་དང་། སྤྱི་ལོ1997ལོའི་ཟླ10བར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་ཤིང་། ཁྲིམས་ལུགས་ཀྱི་རབ་འབྱམས་པ་ཡིན། ད་ལྟ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་ཧྲུའུ་ཅའི་འགན་བཞེས་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
张泽武
སྐྱེས་ཡུལ།
ཀན་སུའུ་ལུང་ནན།
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ལོ།
སྤྱི་ལོ1977ལོའི་ཟླ12པ།
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གླིང་།
ལན་ཀྲོའུ་སློབ་ཆེན།
1 བྱ་བའི་བརྒྱུད་རིམ།

སྤྱི་ལོ1995ལོའི་ཟླ9བར་ཀན་སུའུ་སྲིད་ཁྲིམས་སློབ་གླིང་གི་དཔལ་འབྱོར་བཅའ་ཁྲིམས་ཆེད་ལས་སུ་སློབ་གཉེར་བྱས།

སྤྱི་ལོ1999ལོའི་ཟླ8པར་ཀན་སུའུ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ལས་བྱེད་པའི་འགན་བཞེས།

སྤྱི་ལོ2000ལོའི་ཟླ8པར་ཀན་སུའུ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཁོའོ་ཡོན་གྱི་འགན་བཞེས།

སྤྱི་ལོ2000ལོའི་ཟླ10བར་ཀན་སུའུ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཁོའོ་ཡོན་དང་དྲུང་ཡིག་གི་འགན་བཞེས།

སྤྱི་ལོ2003ལོའི་ཟླ12པར་ཀན་སུའུ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཁོའོ་རིམ་པ་གཞོན་པའི་ལས་རོགས་ཞིབ་དཔྱོད་པའི་འགན་བཞེས།

སྤྱི་ལོ2007ལོའི་ཟླ7པར་ཀན་སུའུ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཁོའོ་རིམ་པའི་ལས་རོགས་ཞིབ་དཔྱོད་པའི་འགན་བཞེས།

སྤྱི་ལོ2008ལོའི་ཟླ4བར་ཀན་སུའུ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དམངས་དོན་སྲིད་འཛིན་ཞིབ་དཔྱོད་ཁྲུའུ་ཕྱོགས་བསྡུས་ཁོའོ་ཡི་ཁོའོ་ཀྲང་གི་འགན་བཞེས།

སྤྱི་ལོ2010ལོའི་ཟླ12པར་ཀན་སུའུ་ཞིང་ཆེན་ཐུང་ཝེ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཞིབ་དཔྱོད་དཔོན་གྱི་འགན་བཞེས།

སྤྱི་ལོ2011ལོའི་ཟླ12པར་ཀན་སུའུ་ཞིང་ཆེན་ཏིང་ཞི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཁོངས་མི་དང་། ཞིབ་དཔྱོད་དཔོན་གཞོན་པ། ཞིབ་དཔྱོད་ཨུ་ལྷན་གྱི་ཨུ་ཡོན་སོགས་ཀྱི་འགན་བཞེས།

སྤྱི་ལོ2013ལོའི་ཟླ1པོར་ཀན་སུའུ་ཞིང་ཆེན་ཏིང་ཞི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཁོངས་མི་དང་། ཞིབ་དཔྱོད་དཔོན་གཞོན་པ། ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་ཀྱི་འགན་བཞེས།

སྤྱི་ལོ2014ལོའི་ཟླ2པར་ཀན་སུའུ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ལས་འགན་ཉེས་གསོག་སྔོན་འགོག་ཁྲུའུ་ཡི་ཁྲུའུ་ཀྲང་དང་རིམ་པ་གསུམ་པའི་མཐོ་རིམ་ཞིབ་དཔྱོད་དཔོན་གྱི་འགན་བཞེས།

སྤྱི་ལོ2018ལོའི་ཟླ1པོར་ཀན་སུའུ་ཞིང་ཆེན་སྒྲིག་ཨུ་དང་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཁང་གཉིས་པའི་ཁྲུའུ་རིམ་པ་རྒན་པའི་ལས་བྱེད་པའི་འགན་བཞེས།

སྤྱི་ལོ2018ལོའི་ཟླ5བར་ཀན་སུའུ་ཞིང་ཆེན་སྒྲིག་ཨུ་དང་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཁང་གཉིས་པའི་ཀྲུའུ་རེན་གཞོན་པའི་འགན་བཞེས།

སྤྱི་ལོ2018ལོའི་ཟླ10བར་ཀན་སུའུ་ཞིང་ཆེན་སྒྲིག་ཨུ་དང་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ལྟ་སྐུལ་ཞིབ་བཤེར་ཁང་གཉིས་པའི་ཀྲུའུ་རེན་གྱི་འགན་བཞེས།

སྤྱི་ལོ2020ལོའི་ཟླ3པར་ཀན་སུའུ་ཞིང་ཆེན་ཅིའུ་ཆོན་གྲོང་ཨུའི་རྒྱུན་ཨུ་དང་། གྲོང་ཁྱེར་སྒྲིག་ཨུའི་ཧྲུའུ་ཅི་འགན་བཞེས་ཤིང་། ཅིའུ་ཆོན་གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་འོས་མིར་མིང་འདོན་བྱས།

སྤྱི་ལོ2020ལོའི་ཟླ5བར་ཀན་སུའུ་ཞིང་ཆེན་ཅིའུ་ཆོན་གྲོང་ཨུའི་རྒྱུན་ཨུ་དང་། གྲོང་ཁྱེར་སྒྲིག་ཨུའི་ཧྲུའུ་ཅི། གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱི་ཚབ་བྱེད་ཀྲུའུ་རེན་སོགས་ཀྱི་འགན་བཞེས།

སྤྱི་ལོ2021ལོའི་ཟླ1པོར་ཀན་སུའུ་ཞིང་ཆེན་ཅིའུ་ཆོན་གྲོང་ཨུའི་རྒྱུན་ཨུ་དང་། གྲོང་ཁྱེར་སྒྲིག་ཨུའི་ཧྲུའུ་ཅི། གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་སོགས་ཀྱི་འགན་བཞེས།

སྤྱི་ལོ2021ལོའི་ཟླ10བར་ཀན་སུའུ་ཞིང་ཆེན་སྒྲིག་ཨུའི་རྒྱུན་ཨུ་དང་། ལན་ཀྲོའུ་གྲོང་ཨུའི་རྒྱུན་ཨུ། གྲོང་ཁྱེར་སྒྲིག་ཨུའི་ཧྲུའུ་ཅི། གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ལས་ཚབ་ཀྲུའུ་རེན་སོགས་ཀྱི་འགན་བཞེས།

སྤྱི་ལོ2021ལོའི་ཟླ12པར་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཨུའི་རྒྱུན་ཨུ་དང་། གྲོང་ཁྱེར་སྒྲིག་ཨུའི་ཧྲུའུ་ཅི། གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་སོགས་ཀྱི་འགན་བཞེས།

སྤྱི་ལོ2022ལོའི་ཟླ5བར་ཀན་སུའུ་ཞིང་ཆེན་སྒྲིག་ཨུའི་རྒྱུན་ཨུ་དང་། ལན་ཀྲོའུ་གྲོང་ཨུའི་རྒྱུན་ཨུ། གྲོང་ཁྱེར་སྒྲིག་ཨུའི་ཧྲུའུ་ཅི། གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་སོགས་ཀྱི་འགན་བཞེས།

སྤྱི་ལོ2024ལོའི་ཟླ2པར་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། གྲོང་ཨུ་ཏང་གི་སློབ་གྲྭའི(གྲོང་ཁྱེར་སྲིད་འཛིན་སློབ་གླིང)སློབ་གཙོ་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས།

སྤྱི་ལོ2025ལོའི་ཟླ4བར་ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་གཞོན་པའི(ཐིང་ཀྲང་རིམ་པ་རྒན་པ)འགན་བཞེས།

སྤྱི་ལོ2026ལོའི་ཟླ6པར་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་ཧྲུའུ་ཅི་འགན་བཞེས།

2 ལས་འགན།

ཀྲུང་གོ་གུང་ཁྲན་ཏང་ཀན་སུའུ་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་འཐུས་མི་དང་། ཀྲུང་གོ་གུང་ཁྲན་ཏང་ཀན་སུའུ་ཞིང་ཆེན་གྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་བའི་ཨུ་ཡོན། ཀན་སུའུ་ཞིང་ཆེན་གྱི་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་བའི་འཐུས་མི(སྤྱི་ལོ2026ལོའི་ཟླ1པོར་འཐུས་མིའི་ཐོབ་ཐང་མཚམས་འཇོག་བྱས) ཀན་སུའུ་ཞིང་ཆེན་གྱི་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན(སྤྱི་ལོ2026ལོའི་ཟླ1པོར་གསབ་སྣོན་བྱས) ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འདྲི་གཅོད་པ་སོགས་ཀྱི་འགན་བཞེས།

3 ལས་གནས་བསྐོ་འཐེན།

སྤྱི་ལོ2026ལོའི་ཟླ6པར་ཀན་སུའུ་ཞིང་ཨུས་ཁོས་ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅིའི་ལས་འགན་འཁུར་བའི་གཏན་འབེབས་བྱས།

སྤྱི་ལོ2026ལོའི་ཟླ7པའི་ཚེས30ཉིན་ཀན་སུའུ་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བཞི་བའི་ཐོག་ཁོང་གི་ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་དང་། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། འདྲི་གཅོད་པའི་ལས་འགན་སོགས་ཕྱིར་འཐེན་བྱེད་པའི་གྲོས་འཆམ་བྱུང་བ་ཡིན།


དཔྱད་གཞིའི་ཡིག་ཆ།