ཐི་བ།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2026-08-25 08:16ལ་འགྲུབ།

ཐི་བ།

༡ ཕུག་རོན། ༢ འདག་བྱིའུ།
1 ལོ་ཙཱ།

རྒྱ་ཡིག 鸽,燕

དབྱིན་ཡིག 1.pigeon 2.swallow

2 རྒྱས་འགྲེལ།  

1.དག་ཡིག་གསར་བསྒྲིགས་ལས།  རི་བྱ་ཕུག་རོན་གྱི་མིང་།

2.བརྡ་དག་མིང་ཚིག་གསལ་བ་ལས།  བྱ་ཞིག་ཕུག་རོན། 鸽子。【增】1.涉禽,沿沙滩走,鸣声如笛。2.野鸠。3.﹦ཏི་བོ། 天鳧。4.西藏中部称 ཐེ་བ།  ﹝达﹞1.野鸠。2.小斑鸠。﹝法﹞

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  ནགས་ན་གནས་པའི་བྱེའུ་ཞིག་གི་མིང་ལ་བཞེད་པ་ཞིག་དང་།    ཕུག་རོན་གྱི་མིང་ལ་བཞེད་པ་ཞིག་གཉིས་མཆིས་ཏེ།    དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས།    ཐི་བ་ནི།    ནགས་ན་གནས་པའི་བྱེའུ་མདོག་སྔོ་སྐྱ་མཇུག་རྩེ་ནག་པོ་ཞིག་གོ  ཞེས་གསུངས་པ་དང་།    ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་ལེགས་པར་བཤད་པའི་རིན་པོ་ཆེའི་གཏེར་ལས།    ཆུང་མ་བསད་པའི་ཐི་བ་ལྟར།    གྲོགས་དང་བྲལ་བའི་མྱ་ངན་ཐོབ།    ཅེས་པའི་འགྲེལ་པར།    ནགས་འདབས་ཤིག་ན་ཐི་བ་སྟེ་ཕུག་རོན་ཕོ་མོ་གཉིས་བཟའ་ཚང་བྱས་ནས་བསྡད་ཡོད་པ་ལ།    སོས་ཀ་བཙལ་བའི་ལྗང་ལོ་བསགས་ཡོད་པ་དེ་ཐི་མོ་དེ་ལ་སྲུང་དུ་བཅུག  ཕོ་དེ་གཞན་དུ་སོང་ནས།    ཕྱིས་རང་གི་གནས་སུ་ལོག་ནས་ཁྱོད་ཀྱིས་ལྗང་ལོ་ཟོས་སོ་ཞེའོ།།    ཐི་བ་མོ་དེས་བདག་གིས་ཅུང་ཟད་ཀྱང་མ་ཟོས་ཞེས་སྨྲས་ཀྱང་མ་ཉན་པར་དེ་ཁྲོས་ནས་ཆུང་མ་ཐི་བ་མོ་ལ་བརྡུངས་པས་དེ་ཤི་བར་གྱུར་ཏོ།    དེའི་ཕྱི་ལོ་ཡང་དཔྱིད་ཀ་ལྗང་བསགས་པ་རྣམས་སྔ་མ་བཞིན་ཐམས་ཅད་བསྐམས་ནས།    ཉུང་ངུར་སོང་བ་ལ་ཕུག་རོན་དེས་སེམས་པས།    ཀྱེ་མ་བདག་གི་གྲོགས་མོ་དེ་སྐྱོན་མེད་པ་ཞིག་གོ་སྙམ་དུ་ཤེས་ཏེ་སེམས་མྱ་ངན་གྱིས་ནོན་པ་ན།  ནགས་དེའི་ལྷ་གཞོན་ནུ་འགའ་ཞིག་གིས་འདི་སྐད་ཅེས།    ནགས་ལ་གནས་པའི་ཐི་བ་ནི།  འདབ་མ་ཁྲ་བོ་མིག་དམར་བ།    ལེགས་ཉེས་རྣམ་པར་མི་དཔྱོད་པར།    ཆུང་མ་བསད་ནས་མྱ་ངན་བྱེད།    ཅེས་གསུངས་པའང་མཆིས་པས་སླད་དཔྱོད་ལྡན་དག་གིས་དཔྱོད་ཅིག

5.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  名词。 ①ཕུག་རོན། 鸽。②འདག་བྱིའུ燕。