སྤྱི་ལོ1991ལོའི་ཟླ9པ་ནས་སྤྱི་ལོ1995ལོའི་ཟླ7པའི་བར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རོང་འབྲོག་སློབ་གྲྭའི་ཞིང་ལས་དཔལ་འབྱོར་ཆེད་ལས་ལ་སློབ་སྦྱོང་བྱས།
སྤྱི་ལོ1995ལོའི་ཟླ7པ་ནས་སྤྱི་ལོ2001ལོའི་ཟླ11པའི་བར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བྲག་མགོ་རྫོང་ཞིང་ལས་ཅུའི་ལས་བྱེད་པ་ཡིན།
སྤྱི་ལོ2001ལོའི་ཟླ11པ་ནས་སྤྱི་ལོ2006ལོའི་ཟླ11པའི་བར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བྲག་མགོ་རྫོང་རིན་མདའ་ཞང་གི་ཤང་ཀྲང་གཞོན་པའི་འགན་བཞེས།
སྤྱི་ལོ2006ལོའི་ཟླ11པ་ནས་སྤྱི་ལོ2011ལོའི་ཟླ11པའི་བར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བྲག་མགོ་རྫོང་སི་མོ་ཞང་གི་ཞང་ཀྲང་གི་འགན་བཞེས།(དེའི་རིང་སྤྱི་ལོ2010ལོའི་ཟླ10པ་ནས་སྤྱི་ལོ2011ལོའི་ཟླ10པའི་བར་སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་ཀའོ་ཕིང་ཆུས་ཡུང་ཨན་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པར་བསྐོ་གཞག་བྱས)
སྤྱི་ལོ2011ལོའི་ཟླ11པ་ནས་སྤྱི་ལོ2016ལོའི་ཟླ9པའི་བར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དཀར་མཛེས་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པའི་འགན་བཞེས།(དེའི་རིང་སྤྱི་ལོ2013ལོའི་ཟླ10པ་ནས་སྤྱི་ལོ2014ལོའི་ཟླ10པའི་བར་ཁྲེང་ཏུའུ་གྲོང་ཁྱེར་ལུང་ཆོན་དབྱི་ཆུས་ཀྱི་ཆུས་ཀྲང་གི་ལས་རོགས་པ་ཡིན)
སྤྱི་ལོ2016ལོའི་ཟླ9པ་ནས་སྤྱི་ལོ2017ལོའི་ཟླ5པའི་བར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གནོད་འགོག་གེགས་སེལ་དང་འཕྲལ་སྡོམ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པའི་འགན་བཞེས།
སྤྱི་ལོ2017ལོའི་ཟླ5པ་ནས་སྤྱི་ལོ2018ལོའི་ཟླ4པའི་བར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཚན་རིག་ལག་རྩལ་དང་ཤེས་བྱའི་བདག་དབང་ཅུའུ་ཡི་ཅུའུ་ཀྲང་གི་འགན་བཞེས།
སྤྱི་ལོ2018ལོའི་ཟླ4པ་ནས་སྤྱི་ལོ2019ལོའི་ཟླ2པའི་བར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཚན་རིག་ལག་རྩལ་དང་ཤེས་བྱའི་བདག་དབང་ཅུའུ་ཡི་ཅུའུ་ཀྲང་དང་། ཁུལ་ཏང་ཕྱིའི་ཤེས་ཡོན་ཅན་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་མཐུན་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་བཞེས།
སྤྱི་ལོ2019ལོའི་ཟླ2པ་ནས་སྤྱི་ལོ2020ལོའི་ཟླ7པའི་བར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཚན་རྩལ་ཅུའུ་ཡི་ཅུའུ་ཀྲང་དང་། ཁུལ་ཏང་ཕྱིའི་ཤེས་ཡོན་ཅན་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་མཐུན་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་བཞེས།
སྤྱི་ལོ2020ལོའི་ཟླ7པ་ནས་སྤྱི་ལོ2021ལོའི་ཟླ10པའི་བར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རྒྱ་གྲམ་དམར་རྟགས་ཚོགས་པའི་རྒྱུན་ལས་ཚོགས་གཙོ་གཞོན་པ་དང་། ཁུལ་ཏང་ཕྱིའི་ཤེས་ཡོན་ཅན་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་མཐུན་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་བཞེས།
སྤྱི་ལོ2021ལོའི་ཟླ10པ་ནས་སྤྱི་ལོ2022ལོའི་ཟླ1པོའི་བར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་། ཁུལ་སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ།(གཅིག་ལྕོགས) ཁུལ་ཏང་ཕྱིའི་ཤེས་ཡོན་ཅན་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་མཐུན་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱི་འགན་བཞེས།
སྤྱི་ལོ2022ལོའི་ཟླ1པོར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དང་། ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། ཁུལ་སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ།(གཅིག་ལྕོགས) ཁུལ་ཏང་ཕྱིའི་ཤེས་ཡོན་ཅན་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་མཐུན་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ། ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་གཙོ་བཅས་ཀྱི་འགན་བཞེས་བཞིན་ཡོད།
སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྒྱུན་ཨུ་ཡིན།
ཚན་རིག་ལག་རྩལ་དང་། དམངས་སྲིད། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན། ལས་ཁུངས་ཀྱི་ལས་དོན་དོ་དམ། ས་གནས་ལོ་རྒྱུས། བུད་མེད་དང་བྱིས་པ། ནར་མ་སོན་པའི་མིའི་སྲུང་སྐྱོང་སོགས་ཀྱི་ལས་འགན་ཁུར་ཡོད།
ཁུལ་ཚན་རྩལ་ཅུའུ་དང་། ཁུལ་དམངས་སྲིད་ཅུའུ། ཁུལ་གྱི་དམག་ཁུངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་ཅུའུ། ཁུལ་ལས་ཁུངས་ལས་དོན་དོ་དམ་ཅུའུ་བཅས་དང་ཁུལ་ས་གནས་ལས་དོན་གཞུང་ལས་ཁང་དང་འདབ་པ་རྫོང་གནམ་རིག་ཚན་རིག་ལྟེ་གནས་བཅས་ལ་ལས་བགོས་བྱས་ཡོད།
ཁུལ་སྤྱི་ཁྱབ་བཟོ་ཚོགས་དང་། སྡེ་ཚོགས་ཁུལ་ཨུ། ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཁུལ་ཚན་རྩལ་མཐུན་ཚོགས། ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཁུལ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། ཁུལ་རྒྱ་གྲམ་དམར་པོ་ཚོགས་པ་བཅས་ལ་འབྲེལ་གཏུག་བྱེད་འགན་ཁུར་ཡོད།