སྤྱི་ལོ1991ལོའི་ཟླ9པ་ནས་སྤྱི་ལོ1995ལོའི་ཟླ7པའི་བར། ལྷོ་ནུབ་མི་རིགས་སློབ་གླིང་གི་ལོ་རྒྱུས་ཚན་ཁག་གི་ལོ་རྒྱུས་ཆེད་ལས་ལ་སློབ་སྦྱོང་བྱས།
སྤྱི་ལོ1995ལོའི་ཟླ7པ་ནས་སྤྱི་ལོ1998ལོའི་ཟླ1པོའི་བར། ཟུང་ཆུ་རྫོང་སྤྱི་བདེ་ཅུའུ་ཀྲང་ལཱ་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་དང་སུའོ་ཀྲང་གི་འགན་བཞེས།
སྤྱི་ལོ1998ལོའི་ཟླ1པོ་ནས་སྤྱི་ལོ1998ལོའི་ཟླ4པའི་བར། ཟུང་ཆུ་རྫོང་སྤྱི་བདེ་ཅུའུ་ཡི་ཅུའུ་ཀྲང་གི་ལས་རོགས་དང་ཁྲོན་གཙོ་དགོན་མངགས་གཏོང་ཁང་གི་སུའོ་ཀྲང་གི་འགན་གཅིག་ལྕོགས་སུ་བཞེས།
སྤྱི་ལོ1998ལོའི་ཟླ4པ་ནས་སྤྱི་ལོ2000ལོའི་ཟླ8པའི་བར། ཟུང་ཆུ་རྫོང་སྤྱི་བདེ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་དང་ཏང་ཨུའི་ཨུ་ཡོན་གྱི་འགན་བཞེས།
སྤྱི་ལོ2000ལོའི་ཟླ8པ་ནས་སྤྱི་ལོ2001ལོའི་ཟླ11པའི་བར། མཛོད་དགེ་རྫོང་སྤྱི་བདེ་ཅུའུ་ཡི་ཆབ་སྲིད་ཨུ་ཡོན་ཡིན།
སྤྱི་ལོ2001ལོའི་ཟླ11པ་ནས་སྤྱི་ལོ2004ལོའི་ཟླ12པའི་བར། གུང་གཞོན་ཚོགས་པའི་རྔ་པ་ཁུལ་ཨུའི་ཧྲུའུ་ཅི་དང་ཏང་ཙུའི་ཧྲུའུ་ཅིའི་འགན་བཞེས།
སྤྱི་ལོ2004ལོའི་ཟླ12པ་ནས་སྤྱི་ལོ2005ལོའི་ཟླ1པོའི་བར། གཟི་ཚ་སྡེ་དགུ་རྫོང་ཨུའིཧྲུའུ་ཅི་གཞོན་པའི་འགན་བཞེས།
སྤྱི་ལོ2005ལོའི་ཟླ1པོ་ནས་སྤྱི་ལོ2005ལོའི་ཟླ3པའི་བར། གཟི་ཚ་སྡེ་དགུ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་། རྫོང་དཔོན་གཞོན་པ། ལས་ཚབ་རྫོང་དཔོན་བཅས་ཀྱི་འགན་བཞེས།
སྤྱི་ལོ2005ལོའི་ཟླ3པ་ནས་སྤྱི་ལོ2008ལོའི་ཟླ7པའི་བར། གཟི་ཚྭ་སྡེ་དགུ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་གྱི་འགན་བཞེས།(དེའི་རིང་སྤྱི་ལོ2007ལོའི་ཟླ4པ་ནས་སྤྱི་ལོ2007ལོའི་ཟླ10པའི་བར། ཚོང་དོན་པུའི་ཁྲོམ་རའི་མ་ལག་འཛུགས་སྐྱོང་སིའི་སི་ཀྲང་ལས་རོགས་ཡིན།<འགན་འཁྱེར>)
སྤྱི་ལོ2008ལོའི་ཟླ7པ་ནས་སྤྱི་ལོ2008ལོའི་ཟླ8པའི་བར། གཟི་ཚ་སྡེ་དགུ་རྫོང་སྲིད་གཞུང་གི་རྫོང་དཔོན་དང་། ཁུལ་ནགས་ལས་ཅུའུ་ཡི་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།
སྤྱི་ལོ2008ལོའི་ཟླ8པ་ནས་སྤྱི་ལོ2011ལོའི་ཟླ9པའི་བར། རྔ་པ་ཁུལ་ནགས་ལས་ཅུའུ་ཡི་ཅུའུ་ཀྲང་དང་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།
སྤྱི་ལོ2011ལོའི་ཟླ9པ་ནས་སྤྱི་ལོ2015ལོའི་ཟླ10པའི་བར། རྔ་པ་རྫོང་ཨུའི་ཧྲུའུ་ཅིའི་འགན་བཞེས།(སྤྱི་ལོ2005ལོའི་ཟླ9པ་ནས་སྤྱི་ལོ2013ལོའི་ཟླ6པའི་བར། གློག་རྡུལ་ཚན་རྩལ་སློབ་ཆེན་གྱི་མཐོ་རིམ་དོ་དམ་མི་སྣའི་བཟོ་ཚོང་དོ་དམ་ཆེད་ལས་སུ་སློབ་སྦྱོང་བྱས་ནས་བཟོ་ཚོང་དོ་དམ་གྱི་རབ་འབྱམས་པའི་བསླབ་གནས་ཐོབ།)
སྤྱི་ལོ2015ལོའི་ཟླ10པ་ནས་སྤྱི་ལོ2015ལོའི་ཟླ11པའི་བར། རྔ་པ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དང་། ཏང་ཙུའུ་ཡི་ཁོངས་མི། རྔ་པ་རྫོང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།
སྤྱི་ལོ2015ལོའི་ཟླ11པ་ནས་སྤྱི་ལོ2016ལོའི་ཟླ12པའི་བར། རྔ་པ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་ཡིན།
སྤྱི་ལོ2016ལོའི་ཟླ12པ་ནས་སྤྱི་ལོ2017ལོའི་ཟླ1པོའི་བར། རྔ་པ་ཁུལ་ཨུའི་རྒྱུན་ཨུ་དང་། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ཏང་ཙུའུ་ཡི་ཁོངས་མི་བཅས་ཀྱི་འགན་བཞེས།
སྤྱི་ལོ2017ལོའི་ཟླ1པོ་ནས་སྤྱི་ལོ2021ལོའི་ཟླ2པའི་བར། རྔ་པ་ཁུལ་ཨུའི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་བཞེས།
སྤྱི་ལོ2021ལོའི་ཟླ2པར་ནེ་ཅང་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུའི་འགན་བཞེས།
སྤྱི་ལོ2021ལོའི་ཟླ11པ་ནས་སྤྱི་ལོ2023ལོའི་ཟླ་དང་པོའི་བར། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་བཞེས།
སྤྱི་ལོ2023ལོའི་ཟླ1པོ་ནས་སྤྱི་ལོ2024ལོའི་ཟླ2པའི་བར། སི་ཁྲོན་ཞིང་ཆེན་ཨུ་ལྷན་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པའི་འགན་བཞེས།
སྤྱི་ལོ2024ལོའི་ཟླ2པ་ནས་སྤྱི་ལོ2026ལོའི་ཟླ4པའི་བར། སི་ཁྲོན་ཞིང་ཨུ་ལྷན་སྲིད་ཁྲིམས་ཨུ་ལྷན་གྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པའི་འགན་བཞེས།
སྤྱི་ལོ2026ལོའི་ཟླ4པར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཁུལ་དཔོན་བཅས་ཀྱི་འགན་བཞེས།
སི་ཁྲོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མི་དང་། ཀྲུང་གོ་གུང་ཁྲན་ཏང་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་གོ་གུང་ཁྲན་ཏང་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་སྐབས་བཅུ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཡིན།
སྤྱི་ལོ2026ལོའི་ཟླ4པའི་ཚེས1ཉིན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས་ཨང་133པར། དཀར་མཛེས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྲོས་ཚོགས་ཀྱིས་རེ་འདུན་ཞུས་པ་ལྟར་དུ། དབྱང་ཧུང་ཧྲོའུ་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པར་བསྐོ་གཞག་བྱ་རྒྱུའི་ཐག་བཅད། དབྱང་ཧུང་ཧྲོའུ་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་ལས་ཚབ་ཁུལ་དཔོན་བྱ་རྒྱུའི་ཐག་བཅད།
སྤྱི་ལོ2026ལོའི་ཟླ4པའི་ཚེས17ཉིན། དཀར་མཛེས་ཁུལ་གྱི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དྲུག་པའི་ཐོག་དབྱང་ཧུང་ཧྲོའུ་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ལ་བདམས་པ་རེད།
ཁུལ་སྲིད་གཞུང་གི་ཕྱོགས་ཡོངས་ཀྱི་བྱ་བར་འགོ་ཁྲིད་བྱེད་པ་དང་། རྩིས་བཤེར་ལས་དོན་གྱི་འགན་འཁུར་བ། ཁུལ་རྩིས་བཤེར་ཅུའུ་ཡི་ལས་བགོས་འགན་གཉེར་བྱེད་པ་བཅས་ཡིན།