སྦལ་མང་མ།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2026-07-23 09:51ལ་འགྲུབ།

སྦལ་མང་མ།

འདིར་རྫ་སྟོད་རྫོང་གི་སྦལ་མང་མ་ཞེས་པའི་ས་མིང་ངོ་སྤྲོད་བྱས་ཡོད།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
ས་མིང་ལོ་རྒྱུས།
གནས་ཡུལ།
རྫ་སྟོད་རྫོང་།
1 ངོ་སྤྲོད།

ཐང་ཞིག་གི་མིང་སྟེ་ལྗིད་ཆུང་སྨད་དུ་ཡོད། གནའ་དུས་སུ་ལྕིའི་བྱེས་རོང་འགག་གི་དགེ་བསྙེན་དང་ཆུ་བཟང་རི་བོ་ཆེའི་དགོན་པ་འདེབས་པ་པོ་བླ་མ་ཁོང་གཉིས་གྲོགས་བསྒྲིགས། དགེ་བསྙེན་གྱིས་ཞབས་ཞུ་ཅི་ཞིག་བསྒྲུབ་དགོས་ཞུས་ལན་དུ། ཉི་མ་ལྷ་སར་ཉིན་གཅིག་གི་འཁོར་བའི་རྟ་ཞིག་གཡར་རོགས་གསུངས་པ་བཞིན་དུ་སྒ་གཟར་བཀྱག་ནས་མ་བལྟ་ཞེས་ཕྱིར་ཉིན་རྟ་མཆོག་སྒ་ཆས་ལེགས་པ་ཞིག་སྒོ་རུ་བཏགས་ནས་ཡོད་པར་བླ་མས་རྟ་དེ་ཞོན་ནས་ལྷ་སར་སོང་། ཕྱི་དྲོ་སྔ་བར་ལྗིད་ཆུང་མདར་སླེབས་པ་ན། བླ་མས་རྟ་འདི་ད་དུང་ཐང་མི་ཆད་པ་ཅི་ཡིན་ནམ་སྙམ། གཟར་ཡར་བཀྱག་ནས་བལྟས་པས་སྦལ་ཅོང་ཉིག་ཉིག་བྱེད་པ་མཐོང་བས་སྐྲག ས་དེར་འགའ་ཞིག་ལྷུང་བས་ཕྱིས་སུ་དེ་རུ་སྦལ་པ་མང་བས་སྦལ་མང་མ་ཞེས་གྲགས། སུ་རུག་ཤོག་ཀའི་ནུབ་བྱང་མཚམས་སྤྱི་ལེ༢༣ཡས་མས། མཐོ་ཚད་ལ་སྨིས༤༣༠༠ལྷག་ཟིན།

བརྡ་འགྲེལ་གདོང་འཛར།

ལྗིད་ཆུང་། དགེ་བསྙེན། བླ་མ།