བོང་ནེ་སེར་ཡུ།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ། ནས 2026-07-23 09:51ལ་འགྲུབ།
རི་བོ་འདི་ཤོག་ཀ་སྲིད་གཞུང་གི་ནུབ་བྱང་མཚམས་སྤྱི་ལེ༣༥ཙམ་དང་། ལྕི་ཆུའི་སྲིབ་རྒྱུད་བོང་ནེ་ལུང་པའི་མདའ་རུ་ཡོད་ལ་རིའི་མཐོ་ཚད་མཚོ་ངོས་ལས་སྨིས༤༢༠༠ཙམ་ཟིན། བོང་ནེའི་མདའ་རུ་ཡོད་ལ། རི་ཧྲིལ་བོ་སྤང་དུ་གྲུབ་ཅིང་དབྱིབས་ཨ་ཡུ་ཡིན་པས་བོང་ནེ་སེར་ཡུ་ཟེར། གཡུང་དྲུང་བོན་པོའི་རི་ཡིན་པས་བོན་ནེ་རུ་གྲགས་པ་དང་། སྔར་ཀོ་འེ་གཡང་དཔལ་ཞེས་པའི་མི་ཞིག་ཕྱུགས་རྫི་རུ་སོང་ནས་རི་དེར་གཉིད་དུ་ཡུར་བས། ཕྱིས་སུ་ཁོ་ལ་གཏམ་དཔེ་བབས་པའི་ངག་རྒྱུན་ཞིག་འདུག མ་ཟད་བབས་སྒྲུང་མིན་ཡང་ཁོང་གིས་གླིང་སྒྲུང་ཁ་ཤས་ཀྱང་འཆད་ཤེས།