རྟ་ངུ་གཞུང་།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ། ནས 2026-07-23 09:51ལ་འགྲུབ།
ཡུལ་མིའི་ངག་རྒྱུན་དུ་ལུང་པའི་ཕུ་ཐག་རིང་བས་འོག་རྟ་ངུ་ཤོར་བས་རྟ་ངུ་ཞེས་ཐོགས་པར་བཤད། རི་པ་སྟོད་མ་དགོན་ལུང་པ་འདིའི་སྐེད་དུ་ཡོད། ཡི་གེ་རུ་རྟ་ངུར་ཞེས་བྲིས་པ་སྣང་ཡང་དེ་ལས་རྟ་རྔུལ་ཞེས་བྲིས་ན་འཚམས་པར་སེམས། ཤོག་ཀ་སྲིད་གཞུང་གི་ནུབ་བྱང་མཚམས་སྤྱི་ལེ༣༦ཙམ་དང་། ལུང་པའི་ཆ་སྙོམ་མཐོ་ཚད་མཚོ་ངོས་ལས་སྨིས༤༣༠༠ཙམ་ཟིན། ལུང་པ་འདིར་རི་ལ་ཤེལ་དཀར། ཤེལ་ནག་དང་། ལུང་པ་རྟང་ཆུང་། འབུ་ཆེན། འབུ་ཆུང་སོགས་ཡོད་དོ། །