རྫ་བྱང་ཁོག་མ།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2026-07-23 09:51ལ་འགྲུབ།

རྫ་བྱང་ཁོག་མ།

འདིར་རྫ་སྟོད་རྫོང་གི་རྫ་བྱང་ཁོག་མ་ཞེས་པའི་ས་མིང་ངོ་སྤྲོད་བྱས་ཡོད།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
ས་མིང་ལོ་རྒྱུས།
གནས་ཡུལ།
རྫ་སྟོད་རྫོང་།
1 ངོ་སྤྲོད།

རྫ་རི་སྨུག་ནག་བྱང་ཁོག་གི་དབྱིབས་ལྡན།   འདྲེ་སྲིན་གྱི་གནས་ཡུལ་ཡིན་པའི་བཤད་རྒྱུན་ཡོད།   དེར་གནས་པའི་མི་མ་ཡིན་དེ་གནའ་དུས་ཡུལ་མི་ཞིག་ལ་ཕྲད་དེ་ཁ་བརྡ་བྱས་པར།   ལྟད་མོ་ཟེར་བ་འབྲོང་ནག་གཉིས་ཐུག་དུས་དང་།   ཁེ་ཚབ་འབི་ཚབ་གཉིས་ཤོག་འཁྲུག་གི་སྐབས་སུ་ཡོད་ཅེས་བཤད། ཤོག་འཁྲུག་དེ་གཉིས་སྐབས་ཕན་ཚུན་མི་རྟ་དགུ་རེ་བསད་པས་ཁོ་རང་ཤི་འདྲེ་ཡིན་པ་དང་།   ཁྱོད་གང་དུ་འགྲོ་བ་ཡིན་ཞེས་དྲིས་པས།   ལྗིད་ཆུང་མདའི་བྲག་ནག་གློ་བ་མར་སྡོད་ཅིང་རྫ་བྱང་ཁོག་མ་རུ་འགྲོ་བ་ཡིན་ཞེས་བཤད་པའི་ངག་རྒྱུན་ཡོད། རི་འདི་གྲམ་དཀར་ཕུ་རུ་གནས་ཤིང་ཤོག་ཀ་སྲིད་གཞུང་ནས་ནུབ་བྱང་མཚམས་སྤྱི་ལེ༤༥ཡས་མས། མཐོ་ཚད་ལ་སྨིས༤༧༠༠ལྷག་ཟིན།