མོ་བགད་རི་འཛུམ།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2026-07-23 09:51ལ་འགྲུབ།

མོ་བགད་རི་འཛུམ།

འདིར་རྫ་སྟོད་རྫོང་གི་མོ་བགད་རི་འཛུམ་ཞེས་པའི་ས་མིང་ངོ་སྤྲོད་བྱས་ཡོད།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
ས་མིང་ལོ་རྒྱུས།
གནས་ཡུལ།
རྫ་སྟོད་རྫོང་།
1 ངོ་སྤྲོད།

འདི་ནི་རི་བོ་ཞིག་སྟེ་སུ་རུག་ཤོག་ཀ་ནས་ནུབ་བྱང་དུ་སྤྱི་ལེ་བཞི་བཅུའི་མཚམས་དང་མཐོ་ཚད་ལ་མཚོ་ངོས་ལས་སྨིས༤༦༠༠ཙམ་ཡོད།   སྤང་རི་ཡིན་ལ་རི་བོའི་སྐྱེ་དངོས་ཀྱི་འཚོ་བཅུད་ལེགས་ཤིང་ས་དེའི་ས་བཅུད་ལེགས་པས་གནའ་དུས་སུ་འདི་འདྲ་བའི་གཏམ་རྒྱུད་ཅིག་ཡོད་དེ། འབྲོག་པས་ཞོ་བསྙལ་བའི་སྤྲི་མའི་སྟེང་དུ་རེའུ་ཞིག་སོང་བ་ན་སྤྲི་མ་མ་དིབ་པར། ཚུལ་དེ་མཐོང་བས་རྫི་བོ་བུད་མེད་ཅིག་བགད་མོ་ཤོར་བས་མོ་བགད་ཅེས་ཐོགས། སྔར་སོག་པོ་རྟ་ཁྲབ་ཅན་གྱིས་བོད་ཁུལ་དུ་བཙན་འཛུལ་བྱས་སྐབས། ཡུལ་མི་རྣམས་རི་དེའི་མགོ་རུ་གནས་སྤོས་ནས་བསྡད་པའི་ཐབ་ཤུལ་སོགས་ཡོད་ལ། རི་མཐོ་བས་སོགས་དམག་གིས་ཁྱི་གནམ་ཟུག་རུ་བ་སྐྱུར་ཤོག་ཅེས་རི་མགོར་འཛེགས་མ་ཐུབ་པར་བཤད།



བརྡ་འགྲེལ་གདོང་འཛར།

སུ་རུག་ཤོག་ཀ སྤྲི་མ།