སྟོད་ཤོག་གྲོང་སྡེ།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ། ནས 2026-07-23 09:51ལ་འགྲུབ།
གནའ་དུས་སུ་འབྲོང་སྨད་ལྕི་སྲིབ་བེ་ཅང་གི་མངའ་ཁུངས་སུ་གཏོགས། གྲོང་སྡེ་འདི་ཤོག་ཀ་སྲིད་གཞུང་གི་ནུབ་བྱང་མཚམས་སུ་འབྲེལ་ནས་ཡོད། སྔར་ལྕི་སྲིབ་བེ་ཧུའི་མངའ་ཁོངས་རི་སྡོམ་སྟོད་ཤོག་དང་། དེར་རི་སྡོམ་ཤོག་ཀ་བཞི་སྒྲིག་ཅེས་བྱ་བ་ཡོད། ༡༩༥༩ལོར་ཐོག་མར་ལྕི་སྲིབ་སྨད་མ་ཟེར། ལྕི་སུ་རུག་སོ་སོར་བགོས་རྗེས་སྟོད་ཤོག་ཀུང་ཧྲེ་ཟེར། ལྕི་སྲིབ་ཀྱི་སྟོད་དུ་གནས་པའི་ཡུལ་ཤོག་ཡིན་པས་མིང་དེ་ལྟར་ཐོགས་པ་རེད། ༡༩༦༦ ལོའི་ཟླ༡༢པའི་ཚེས༢༨ཉིན་རྙིང་པ་བཞི་བསྒྱུར་སྐབས་གྲོང་སྡེའི་མིང་དུ་དར་དམར་ཀུང་ཧྲེ་ 红期公社)ཞེས་བསྒྱུར། ཕྱིས་སུ་སླར་སྟོད་ཤོག་ཅེས་འབོད་ཅིང་གྲོང་སྡེ་འདིར་རུ་ཁག་བཞི་ཡོད། ཤོག་ཀ་སྲིང་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ༡༠.༥དང་མཚོ་འཕག༤༤༢༢ཡོད།