བྱེ་བ་འབུར་དེའུ།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ། ནས 2026-07-23 09:51ལ་འགྲུབ།
གོང་གསལ་ལུང་པ་དེར་དེའུ་ཆུང་ཆུང་མཛེས་པ་ཞིག་འདོམ་རྒྱང་གཡས་ཕུ་ལུང་པར་ཡོད་པ་དེར། ལྷོ་ནུས་ལྡན་རྡོ་རྗེས་བསྐོར་བ་གཅིག་ལ་བཛྲ་བྱེ་བ་གཅིག་བགྲང་པའི་ཕན་ཡོན་ཡོད་པར་ཞལ་གྱིས་བཞེས་པས་བྱེ་བ་འབུར་དིལ་དུ་ཐོགས་པར་གྲགས། ཡུལ་སྡེ་སྤྱི་ཡིས་ཕྱག་བསྐོར་བྱེད་པའི་སྲོལ་དེ་ཙམ་མ་དར་ནའང་། སྔ་དུས་འབྲོང་སྡེ་གྲགས་ཅན་ཨ་རུ་ཚང་གི་མཚེར་སའི་རྒྱབ་བརྟེན་ཡིན་པའི་ལྟོས་འབྲེལ་གྱིས་ཁོང་ཚང་གིས་རྒྱུན་དུ་བསྐོར་བ་བྱེད་སྲོལ་ཡོད་ལ། ད་ལྟའང་ཁྱིམ་ཚང་དེའི་མི་སྣ་དངོས་བཞུགས་ཀྱིས་གནས་འདི་རྩ་ཆེན་ཞིག་ཡིན་ཚུལ་ཡང་ཡང་ཤོད་ཀྱིན་ཡོད། ཤོག་ཀ་སྲིད་གཞུང་ནས་ཤར་ཕྱོགས་སུ་སྤྱི་ལེ་ཉི་ཤུ་ལྷག་དང་ས་བབ་མཐོ་ཚད་སྨི4100ཙམ་ཟིན།