དམིགས་བསལ་བྱིས་པའི་རིགས་དབྱེ།སྔ་མའི་པར་གཞི་དེ བུན་ཁྲང་རྡོ་རྗེ།  ནས 2026-07-17 16:02ལ་འགྲུབ།

དམིགས་བསལ་བྱིས་པའི་རིགས་དབྱེ།

དམིགས་བསལ་བྱིས་པའི་རིགས་དབྱེ་ནི་དམིགས་ཡུལ་དང་ཐབས་ཤེས་ངེས་ཅན་ཞིག་ལ་བརྟེན་ནས་ལུས་སེམས་རྒྱུན་ལྡན་མིན་པའི་བྱིས་པའི་རིགས་དབྱེ་བ་འབྱེད་པར་ཟེར། དམིགས་ཡུལ་གཙོ་བོ་ནི་རང་གི་ལུས་སེམས་ཀྱི་ཁྱད་ཆོས་དང་མཐུན་པའི་དམིགས་བསལ་སློབ་གསོ་དང་འབྲེལ་ཡོད་ཞབས་ཞུ་འདོན་སྤྲོད་བྱེད་པ་དེ་ཡིན། བྱིས་པའི་རྒྱུན་ལྡན་མིན་པའི་གནས་ཚུལ་གྱི་ངོ་བོ་ལྟར་དབྱེ་ཆོག་སྟེ། དཔེར་ན། འོན་པ་དང་ལོང་བ། རིག་སྟོབས་རྗེས་ལུས་བཅས་སུ་དབྱེ་ཆོག རྒྱུན་ལྡན་མིན་པའི་གནས་ཚུལ་ལ་གོམ་གང་མདུན་སྤོས་ཀྱིས་དབྱེ་ཆོག་སྟེ། དཔེར་ན། ཉན་ཚོར་འགལ་རྐྱེན་བྱུང་བར་ཡང་བསྐྱར་ཉན་དང་འོན་པ་གཉིས་སུ་དབྱེ་ཆོག གསོ་རིག་གི་ཐད་ནས་དབྱེ་ཆོག་ལ། སློབ་གསོའི་ཐད་ནས་དབྱེ་ནའང་ཆོག་སྟེ། དཔེར་ན། རིག་སྟོབས་རྗེས་ལུས་ཡིན་པའི་བྱིས་པ་རྣམས་ལ“སློབ་གསོ་བྱེད་ཆོག་པ”དང་།“སྦྱོང་བརྡར་བྱེད་ཆོག་པ”“ལྟ་སྐྱོང་བྱེད་དགོས་པ”བཅས་སུ་དབྱེ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
特殊儿童分类
རིགས་དབྱེ།
སློབ་གསོ་རིག་པའི་ཐ་སྙད།
དཀར་ཆག
1 ​ནང་དོན།

ཨ་རིས་དབང་པོ་སྐྱོན་ཅན་གྱི་བྱིས་པ་རིགས11ལ་དབྱེ་ཡོད། རྒྱལ་ཁབ་སོ་སོའི་ཞིབ་ཕྲའི་རིགས་དབྱེ་དང་མིང་གཅིག་གྱུར་མིན་ཡང་ཨ་རིའི་རིགས་དབྱེའི་ཁྱབ་ཁོངས་ལས་བརྒལ་མེད། དུས་རབས20བའི་ལོ་རབས50བའི་རྗེས་སུ་རྒྱལ་ཁབ་ཁ་ཤས་ཀྱིས(དཔེར་ན་ཨ་རི)ལྷན་སྐྱེས་ཀྱི་ཤེས་རབ་ལྡན་པའི་བྱིས་པ་དམིགས་བསལ་གྱི་བྱིས་པའི་ཁྱབ་ཁོངས་སུ་བཅུག་པ་རེད། སློབ་གསོ་བ་དང་། སེམས་ཁམས་རིག་པ་བ། བཅའ་ཁྲིམས་ལས་དོན་པ་སོགས་འགའ་ཤས་ཀྱིས་བྱིས་པ་འཕེལ་རྒྱས་གཏོང་བའི་ཐོག་མའི་དུས་སུ“རིག་སྟོབས་རྗེས་ལུས”དང་། “འོན་པ།” “ལོང་བ”སོགས་ཀྱི་མིང་བཏགས་ཡོད་པ་དང་། དོན་དངོས་སུ་ཁོ་ཚོ་དང་རྒྱུན་ལྡན་གྱི་མི་དང་ཁ་བཀར་ནས་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་རྒྱུན་ལྡན་གྱི་སྤྱི་ཚོགས་འཚོ་བར་ཞུགས་པར་མི་ཕན་པས། དམིགས་བསལ་གྱི་བྱིས་པར་རིགས་དབྱེ་མི་འབྱེད་པར“དམིགས་བསལ་གྱི་དགོས་མཁོ་ཡོད་པའི་བྱིས་པ” ཞེས་པར་བསྡུས་བ་སྟེ།དཔེར་ན་དབྱིན་ཇི་དང་སུའེ་ཏེན་སོགས་རྒྱལ་ཁབ་ལྟ་བུ། ཀྲུང་གོས་སྤྱི་ལོ1990ལོའི་ཟླ12པར་ཁྱབ་བསྒྲགས་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་གྱི་འགན་སྲུང་བཅའ་ཁྲིམས》ནང་དབང་པོ་སྐྱོན་ཅན་གྱི་བྱིས་པ་རྣམས་མིག་ཤེད་སྐྱོན་ཅན་དང་། རྣ་དབང་སྐྱོན་ཅན། ངག་དབང་སྐྱོན་ཅན། རྐང་ལག་སྐྱོན་ཅན། ཀླད་རྩ་སྐྱོན་ཅན། དབང་པོར་སྐྱོན་མང་ཅན། དབང་པོ་སྐྱོན་ཅན་གཞན་དག་སོགས་རིགས8ཡོད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་དམིགས་བསལ་སློབ་གསོའི་ཡིག་ཆའི་ནང་ད་དུང་ལོང་བ་དང་། མིག་ཤེད་ཞན་པ། འོན་པ། བསྐྱར་ཉན། བློ་རིག་ཞན་པ། རྐང་ལག་སྐྱོན་ཅན། སློབ་སྦྱོང་གི་འགལ་རྐྱེན། སྐད་ཡིག་གི་འགལ་རྐྱེན། སེམས་ཁམས་ཀྱི་འགལ་རྐྱེན་སོགས་ཀྱི་བྱིས་པ་ཡིན།


དཔྱད་གཞིའི་ཡིག་ཆ།