ཐེབས་རྩ་ཚོགས་པ།སྔ་མའི་པར་གཞི་དེ མགོན11  ནས 2026-07-17 14:44ལ་འགྲུབ།

ཐེབས་རྩ་ཚོགས་པ།

ཐེབས་རྩ་ཚོགས་པ།
ཐེབས་རྩ་ཚོགས་པ་ནི་རང་བྱུང་མི་དང་ཁྲིམས་མི། ཡང་ན་དེ་ལས་གཞན་པའི་རྩ་འཛུགས་ཀྱིས་རོགས་སྐྱོར་བྱས་པའི་རྒྱུ་ནོར་བཀོལ་སྤྱོད་བྱས་ནས་སྤྱི་ཕན་ལས་དོན་བསྒྲུབ་པ་གཙོ་བོར་དམིགས་པའི་ཁེ་བཟང་འཚོལ་བ་མིན་པའི་ཁྲིམས་མི་ཞིག་ཡིན་ཞིང་། ཐེབས་རྩ་ཚོགས་པར་དབྱེ་ན་སྤྱི་དམངས་ལ་ཁ་ཕྱོགས་ནས་ཞལ་འདེབས་བསྡུ་བའི་ཐེབས་རྩ་ཚོགས་པ་དང་སྤྱི་དམངས་ལ་ཁ་མི་ཕྱོགས་པའི་ཞལ་འདེབས་བསྡུ་བའི་ཐེབས་རྩ་ཚོགས་པ་གཉིས་ཡོད། སྤྱིའི་ཞལ་འདེབས་བསྡུ་བའི་ཐེབས་རྩ་ཚོགས་པར་ཞལ་འདེབས་བསྡུ་བའི་ས་གནས་ཁོངས་གཏོགས་ཀྱི་ཐད་ནས་དབྱེ་ན་རྒྱལ་ཡོངས་རང་བཞིན་གྱི་སྤྱིའི་ཞལ་འདེབས་བསྡུ་བའི་ཐེབས་རྩ་ཚོགས་པ་དང་ས་གནས་རང་བཞིན་གྱི་སྤྱིའི་ཞལ་འདེབས་བསྡུ་བའི་ཐེབས་རྩ་ཚོགས་པ་གཉིས་ཡོད། 《ཐེབས་རྩ་ཚོགས་པའི་དོ་དམ་ཁྲིམས་སྲོལ》གྱི་སྒྲིག་ཁྲིམས་ལྟར་ན། ཐེབས་རྩ་ཚོགས་པ་ནི་ངེས་པར་དུ་དམངས་སྲིད་ལས་ཁུངས་སུ་ཐོ་འགོད་བྱས་རྗེས་ད་གཟོད་གཉེར་ན་ཆོག་པ་ཞིག་ཡིན་པ་དང་། དེའི་ངོ་བོ་ནི་དམངས་ཁྲོད་ཀྱི་ཁེ་བཟང་འཚོལ་བ་མ་ཡིན་པའི་རྩ་འཛུགས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
基金会
ཕྱི་ཡིག་གི་མིང་།
foundation
དམིགས་ཡུལ།
སྤྱི་ཕན་ལས་དོན།
1 ངོ་སྤྲོད།

ཐེབས་རྩ་ཚོགས་པ་ནི་རང་བྱུང་མི་དང་ཁྲིམས་མི། ཡང་ན་དེ་ལས་གཞན་པའི་རྩ་འཛུགས་ཀྱིས་རོགས་སྐྱོར་བྱས་པའི་རྒྱུ་ནོར་བཀོལ་སྤྱོད་བྱས་ནས་སྤྱི་ཕན་ལས་དོན་བསྒྲུབ་པ་གཙོ་བོར་དམིགས་པའི་ཁེ་བཟང་འཚོལ་བ་མིན་པའི་ཁྲིམས་མི་ཞིག་ཡིན་ཞིང་།  ཐེབས་རྩ་ཚོགས་པར་དབྱེ་ན་སྤྱི་དམངས་ལ་ཁ་ཕྱོགས་ནས་ཞལ་འདེབས་བསྡུ་བའི་ཐེབས་རྩ་ཚོགས་པ་དང་སྤྱི་དམངས་ལ་ཁ་མི་ཕྱོགས་པའི་ཞལ་འདེབས་བསྡུ་བའི་ཐེབས་རྩ་ཚོགས་པ་གཉིས་ཡོད། སྤྱིའི་ཞལ་འདེབས་བསྡུ་བའི་ཐེབས་རྩ་ཚོགས་པར་ཞལ་འདེབས་བསྡུ་བའི་ས་གནས་ཁོངས་གཏོགས་ཀྱི་ཐད་ནས་དབྱེ་ན་རྒྱལ་ཡོངས་རང་བཞིན་གྱི་སྤྱིའི་ཞལ་འདེབས་བསྡུ་བའི་ཐེབས་རྩ་ཚོགས་པ་དང་ས་གནས་རང་བཞིན་གྱི་སྤྱིའི་ཞལ་འདེབས་བསྡུ་བའི་ཐེབས་རྩ་ཚོགས་པ་གཉིས་ཡོད། 《ཐེབས་རྩ་ཚོགས་པའི་དོ་དམ་ཁྲིམས་སྲོལ》གྱི་སྒྲིག་ཁྲིམས་ལྟར་ན། ཐེབས་རྩ་ཚོགས་པ་ནི་ངེས་པར་དུ་དམངས་སྲིད་ལས་ཁུངས་སུ་ཐོ་འགོད་བྱས་རྗེས་ད་གཟོད་གཉེར་ན་ཆོག་པ་ཞིག་ཡིན་པ་དང་།  དེའི་ངོ་བོ་ནི་དམངས་ཁྲོད་ཀྱི་ཁེ་བཟང་འཚོལ་བ་མ་ཡིན་པའི་རྩ་འཛུགས་ཤིག་ཡིན།

2 ཁྱད་ཆོས།

གཅིག སྤྱི་ཕན་རང་བཞིན། ཐེབས་རྩ་ཚོགས་པའི་སྤྱི་ཕན་རང་བཞིན་ནི་ཕྱོགས་གསུམ་ནས་མངོན་ཐུབ།  གཅིག་ནི་ཐེབས་རྩ་ཚོགས་པའི་འབྱུང་ཁུངས་ནི་ཞལ་འདེབས་ཡིན་ཞིང་།  དེ་ནི་སྤྱི་ཕན་ཞལ་འདེབས་སུ་འབུལ་བའི་སྒྲིག་ལམ་རང་བཞིན་དང་རྩ་འཛུགས་རང་བཞིན་གྱི་རྣམ་པ་དེ་ཡིན།  གཉིས་ནི་ཐེབས་རྩ་ཚོགས་པར་ཅུང་མངོན་གསལ་དོད་པོའི་སྤྱི་ཕན་དགོངས་དོན་ཡོད་པ།  གསུམ་ནི་ཐེབས་རྩ་ཚོགས་པར་མངོན་གསལ་དོད་པོའི་སྤྱི་ཕན་སྤྱོད་སྒོ་ཡོད་པ་དང་། རྣམ་གྲངས་ཀྱི་བྱ་འགུལ་གང་མང་བརྒྱུད་ནས་སྤྱི་ཚོགས་ཡོངས་ལ་ཁེ་ཕན་བསྒྲུབ་པ།  སྤྱི་ཕན་རང་བཞིན་གྱིས་ཐེབས་རྩ་ཚོགས་པ་ནི་ངོ་བོའི་ཐོག་ནས་སྤྱི་ཚོགས་སྤྱི་ཕན་རྩ་འཛུགས་ཤིག་ཡིན་པ་ཐག་གཅོད་བྱས་ཡོད།  

གཉིས། ཁེ་བཟང་འཚོལ་བ་མ་ཡིན་པ།

གསུམ།  སྲིད་གཞུང་རང་བཞིན་མ་ཡིན་པ། 

བཞི།   མ་དངུལ་ཡིད་རྟོན་མངག་བཅོལ་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན།

3 ཕན་ནུས།

གཅིག  གཞི་ཁྱོན་ཆེ་བའི་སྤྱི་ཚོགས་ཕན་བདེ་རང་རྟོགས་ཀྱི་རྣམ་པའི་སྒོ་ནས་གཅིག་བསྡུས་བྱས་ནས་བཀོལ་སྤྱོད་བྱས་ཆོག་པ། 

གཉིས། ཐེབས་རྩ་ཚོགས་པའི་དམིགས་ཡུལ་གཙོ་བོ་ནི་མིའི་རིགས་ལ་ཞབས་ཞུ་སྒྲུབ་པ་དེ་ཡིན། 

གསུམ།  ཐེབས་རྩ་ཚོགས་པ་ནི་ཁྲིམས་མི་གཙོ་བོ་ཡིན་པའི་རྣམ་པ་ཡིན་པ། 

བཞི།  ཐེབས་རྩ་ཚོགས་པ་ནི་སྤྱི་དམངས་སྤྱི་ཚོགས་འཚར་ལོངས་འབྱུང་བྱེད་ཀྱི་སྡེ་ཁག་གཙོ་བོ་ཞིག་ཡིན་པ།   ཐེབས་རྩ་ཚོགས་པས་སྲོལ་རྒྱུན་གྱི་སྤྱི་ཚོགས་གྲུབ་ཚུལ་དང་རྒྱུ་ནོར་གྲུབ་ཚུལ་བཅོས་བསྒྱུར་བྱས་ནས་སྲིད་གཞུང་དང་ཁེ་ལས་ལས་རིགས་ལས་གཞན་པའི་སྤྱི་ཚོགས་རྒྱུ་ནོར་གཅིག་བསྡུས་བྱས་ནས་སྤྱི་དམངས་སྤྱི་ཚོགས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་བ་ཡིན།