དམིགས་བསལ་བྱིས་པའི་གསལ་འབྱེད།སྔ་མའི་པར་གཞི་དེ བུན་ཁྲང་རྡོ་རྗེ།  ནས 2026-07-17 15:00ལ་འགྲུབ།

དམིགས་བསལ་བྱིས་པའི་གསལ་འབྱེད།

དམིགས་བསལ་བྱིས་པའི་གསལ་འབྱེད་ཅེས་པ་ནི་ཕྱི་རོལ་ཡུལ་གྱི་བྱེད་ཐབས་སྤྱད་ནས་དམིགས་བསལ་གྱི་བྱིས་པར་བརྟག་དཔྱད་དང་། ལྟ་ཞིབ། ཚད་ལེན་བཅས་བྱས་ནས་དེ་མཚུངས་ཀྱི་སྡོམ་ཚིག་ཐོབ་པའི་བརྒྱུད་རིམ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
特殊儿童鉴定
རིགས་དབྱེ།
སློབ་གསོའི་ཐ་སྙད།
དཀར་ཆག
1 ​ནང་དོན།

དམིགས་བསལ་བྱིས་པའི་གསལ་འབྱེད་ཅེས་པ་ནི་ཕྱི་རོལ་ཡུལ་གྱི་བྱེད་ཐབས་སྤྱད་ནས་དམིགས་བསལ་གྱི་བྱིས་པར་བརྟག་དཔྱད་དང་། ལྟ་ཞིབ། ཚད་ལེན་བཅས་བྱས་ནས་དེ་མཚུངས་ཀྱི་སྡོམ་ཚིག་ཐོབ་པའི་བརྒྱུད་རིམ་ལ་ཟེར། དམིགས་བསལ་སློབ་གསོའི་བརྒྱུད་རིམ་གྱི་ཐོག་མའི་གོ་རིམ་ཞིག་ཡིན། སློབ་གསོ་དང་། སེམས་ཁམས། གསོ་རིག་སོགས་ཐད་ཀྱི་ཆེད་ལས་མི་སྣས་ཁྱིམ་བདག་དང་མཉམ་དུ་སྤེལ་དགོས། གསལ་འབྱེད་བྱས་པའི་དམིགས་བསལ་གྱི་བྱིས་པའི་ངོ་བོ་དང་ཚད་གཞི་ཐད་ནས་གསོ་རིག་གི་བརྟག་དཔྱད་བྱས་ཏེ། མ་འོངས་པར་སློབ་གསོ་ཐེབས་ཚད་དང་སེམས་ཁམས་འཕེལ་རྒྱས་ཀྱི་ཆུ་ཚད་ལ་དཔྱད་འཇོག་བྱེད་པ་མ་ཟད། སྦྱོང་བརྡར་དང་སློབ་གསོའི་ཐད་ཀྱི་མཛུབ་སྟོན་བྱེད་དགོས།

ཀྲུང་གོས་རིག་སྟོབས་དབང་པོ་སྐྱོན་ཅན་གྱི་བྱིས་པར་རིག་སྟོབས་བརྟག་དཔྱད་བྱས་ཏེ་རིག་སྟོབས་དབང་པོ་སྐྱོན་ཅན་དུ་འགྱུར་དོགས་ཡོད་པའི་བྱིས་པར་སྐྱེ་འཚར་ཞིབ་བཤེར་ཐབས་དང་འབྲེལ་ཡོད་རིག་སྟོབས་ཚད་ལེན་རེའུ་མིག་ལ་རིག་སྟོབས་བརྟག་དཔྱད་བྱེད་པ་དང་ཆབས་ཅིག་ནད་གཞིའི་ལོ་རྒྱུས་དང་འཚར་ལོངས་ཀྱི་ཁྱད་ཆོས་ཤེས་རྟོགས་བྱས་ཏེ། བྱ་སྤྱོད་དང་འཕྲོད་ནུས་གཏན་འཁེལ་བྱས་མཐར་དམིགས་བསལ་ཡིན་མིན་གཏན་འཁེལ་བྱ་རྒྱུའི་གཏན་འབེབས་བྱས་ཡོད། ཨ་རི་དང་འཇར་པན་སོགས་རྒྱལ་ཁབ་ཀྱིས་ཀྱང་དེའི་ཐད་ཆེད་དུ་གཏན་འབེབས་བྱས་ཡོད། གསལ་འབྱེད་བྱེད་པར་ཕྱི་རོལ་ཡུལ་དང་མཐུན་པ་དང་། ཚན་རིག་དང་མཐུན་པ། ཡང་དག་པ། དབྱེ་ཞིབ་བཅས་བྱེད་དགོས་པ་མ་ཟད། ད་དུང་བྱེ་བྲག་ཏུ་བྱེད་དགོས།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དམིགས་བསལ། བྱིས་པ། གསལ་འབྱེད།