ཝང་ཡུའུ་རོང་།སྔ་མའི་པར་གཞི་དེ བུན་ཁྲང་རྡོ་རྗེ།  ནས 2026-07-17 15:11ལ་འགྲུབ།

ཝང་ཡུའུ་རོང་།

ཝང་ཡུའུ་རོང་། (སྤྱི་ལོ1901ལོ་ནས1943ལོའི་བར) མིང་གཞན་ལ་ཅིན་ཁྲུན་ཟེར། ཧུ་པེ་ཞིང་ཆེན་རའོ་དབྱང་རྫོང་ཝང་ཆའོ་སྡེ་བའི་སྡེ་མི། སྤྱི་ལོ1921ལོར་ཕུལ་བྱུང་གི་གྲུབ་འབྲས་བླངས་ནས་ཧྲེན་རྫོང་སློབ་འབྲིང་ནས་སློབ་མཐར་ཕྱིན། ལོ་དེར་ཧུ་པེ་སློབ་ཆེན་གྱི་གསོ་རིག་ཚན་ཁག་འཛིན་གྲྭར་རྒྱུགས་འཕྲོད། སྤྱི་ལོ1939ལོའི་ཟླ7པར། ཝན་རྫོང་ནན་ཆིན་ཞིང་སྡེ་བར“ཧུ་པེ་དབུས་དམག་ཁུལ་འཕྲོད་བསྟེན་པུའུ་ཡི་གཤགས་བཅོས་རུ་ཁག”བཙུགས་པ་དང་། ཝང་ཡུའུ་རོང་གཤགས་བཅོས་རུ་ཁག་གི་ཀྲུའུ་རེན་དུ་བསྐོས། སྤྱི་ལོ1943ལོའི་ལོ་མགོར་ཧུ་པེ་དབུས་རྒྱུད་དམག་ཁུལ་གྱི་འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་གཞོན་པར་བསྐོས། སྤྱི་ལོ1943ལོར་དམག་དཔུང་ཝན་རྫོང་དུ་དགྲ་བོ་དང་འཕྲད་པ་དང་། མཚན་མོར་དཔུང་བཤག་བྱེད་སྐབས་སྟབས་མ་ལེགས་པར་ཆིང་ཞུའུ་རི་བོའི་གཡང་གཟར་དུ་ལྷུང་ནས་སྐུ་གཤེགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
王育荣
མིང་གཞན།
ཅིན་ཁྲུན།
སྐྱེས་ལོ།
སྤྱི་ལོ1901ལོ།
སྐུ་གཤེགས་དུས།
སྤྱི་ལོ1943ལོ།
སྐྱེས་ཡུལ།
ཧུ་པེ་ཞིང་ཆེན་རའོ་དབྱང་རྫོང་ཝང་ཆའོ་སྡེ་བ།
1 ​མི་སྣའི་ལོ་རྒྱུས།

ཝང་ཡུའུ་རོང་།(སྤྱི་ལོ1901ལོ་ནས་སྤྱི་ལོ1943ལོའི་བར)མིང་གཞན་ལ་ཅིན་ཁྲུན་ཟེར། ཧུ་པེ་ཞིང་ཆེན་རའོ་དབྱང་རྫོང་ཝང་ཆའོ་སྡེ་བའི་མི་ཡིན། ཁོ་ཀྲུང་ལུགས་གསོ་རིག་གི་ཁྱིམ་རྒྱུད་དུ་སྐྱེས། སྤྱི་ལོ1921ལོར་ཕུལ་བྱུང་གི་གྲུབ་འབྲས་བླངས་དེ་ཧྲེན་རྫོང་སློབ་འབྲིང་ནས་སློབ་མཐར་ཕྱིན་པ་དང་། ལོ་དེར་ཧུ་པེ་སློབ་ཆེན་གྱི་གསོ་རིག་ཚན་ཁག་འཛིན་གྲྭར་རྒྱུགས་འཕྲོད། སློབ་མཐར་ཕྱིན་རྗེས་ཁོ་ཀོང་ཏུང་དུ་ལས་བགོས་བྱས་ཏེ་ཀྲང་ཧྥ་ཁུའེ་དམག་དཔུང་དུ་སྨན་དཔོན་གྱི་འགན་བཞེས། དམག་ཤེད་ཅན་གྱིས་ལོ་བསྟུད་མར་དམག་འཁྲུག་བསླངས་པ་དང་དཔོན་ངན་གྱིས་མི་སེར་སྡུག་ལ་སྦྱར་བའི་སྐབས་སུ། ཝང་ཡུའུ་རོང་ཁོང་ཁྲོ་དང་རེ་ཆད་ཀྱིས་མནར་ཏེ།  དམག་དཔུང་དང་ཁ་བྲལ་ནས་ཕྱིར་ཕ་ཡུལ་དུ་ལོག་ནས་སྨན་པ་བྱས། 

“བདུན·བདུན”དུས་འགྱུར་གྱི་རྗེས་སུ། ཝང་ཡུའུ་རོང་གིས་ཀྲུང་གོ་གུང་ཁྲན་ཏང་གི་འཇར་འགོག་རྒྱལ་སྐྱོབ་ཀྱི《རྩ་འཛིན་ཆེན་པོ་བཅུ》ལ་བརྩི་བཀུར་མཐའ་གཅིག་ཏུ་བྱས་ཏེ། སྨན་བཅོས་བྱེད་པར་ཁ་གཡར་ནས་འཇར་འགོག་དྲིལ་བསྒྲགས་བླ་ལྷག་བྱས། སྤྱི་ལོ1938ལོའི་དགུན་ཁར། ཧུ་པེ་དབུས་རྒྱུད་ཀྱི་དམག་སྡེ་བརྒྱད་པའི(མི་དམངས་འཇར་འགོག་རང་སྲུང་དམག)རྒྱབ་ཕྱོགས་ཀྱི་སྨན་ཁང་པའེ་དབྱང་ཏེན་ནས་རའོ་དབྱང་ས་ཁུལ་དུ་གནས་སྤར། ཝང་ཡུའུ་རོང་མྱུར་དུ་དམག་སྡེ་བརྒྱད་པར་ཞུགས་པ་མ་ཟད། རང་ཉིད་ཀྱི་སྨན་ཁང་ཆུང་བའི་སྨན་རྫས་དང་ཡོ་བྱད་དམག་དཔུང་ལ་ཕུལ། ལོ་དེར་ཁོང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། དམག་ལ་ཞུགས་ནས་ཅང་མ་འགོར་བར་ཧུ་པེ་དབུས་རྒྱུད་དམག་ཁུལ་གྱི་རྒྱབ་ཕྱོགས་སྨན་ཁང་གི་ངལ་གསོ་ཁང་བཞི་བའི་མགོ་འཛིན་གྱི་འགན་བཞེས། སྤྱི་ལོ1939ལོའི་ཟླ7པར། ཝན་རྫོང་ནན་ཆིན་ཞིང་སྡེ་བར“ཧུ་པེ་དབུས་དམག་ཁུལ་འཕྲོད་བསྟེན་པུའུ་ཡི་གཤགས་བཅོས་རུ་ཁག”བཙུགས་པ་དང་། ཝང་ཡུའུ་རོང་གཤགས་བཅོས་རུ་ཁག་གི་ཀྲུའུ་རེན་དུ་བསྐོས། ལོ་དེའི་ཟླ3པར། འཕྲོད་བསྟེན་སློབ་སྟོན་རུ་ཁག་གི་དགེ་རྒན་བྱས། སྤྱི་ལོ1940ལོའི་ཟླ5པར། འཕྲོད་བསྟེན་སློབ་གྲྭའི་སློབ་དོན་ཀྲུའུ་རེན་གྱི་འགན་བཞེས། སྤྱི་ལོ1943ལོའི་ལོ་མགོར་ཧུ་པེ་དབུས་རྒྱུད་དམག་ཁུལ་གྱི་འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་གཞོན་པར་བསྐོས། 

ཝང་ཡུའུ་རོང་གིས་པའེ་ཆིའུ་ཨེན་དང་མཉམ་དུ་ཕྱག་ལས་གནང་མྱོང་ཞིང་། ཁོང་གིས་པའེ་ཆིའུ་ཨེན་ལ་ནན་ཏན་ངང་སློབ་སྦྱོང་བྱས་པ་དང་ཕྱག་ལས་ཧུར་ཐག་གནང་མྱོང་། ཝང་ཡུའུ་རོང་གིས་ཕྱི་ནད་ཚན་ཁག་གི་གཤགས་བཅོས་བྱས་པ་ཧ་ཅང་ཡག་པོ་ཡོད་པས་པའེ་ཆིའུ་ཨེན་གྱི་གདེང་འཇོག་བཟང་བོ་ཐོབ་མྱོང་། ཁོང་ནི“རྒྱལ་སྤྱིའི་ཆུ་ཚད་ལྡན་པའི་སྨན་པ་ཚད་ལྡན་ཞིག་རེད”ཅེས་བཤད། སྐབས་དེར་དམག་དཔུང་གི་སྨན་པ་དང་ནད་གཡོག་པའི་ལག་རྩལ་ཅུང་ཞན་པས། ཁོང་གིས་དངོས་སུ་ཚང་མ་རྩ་འཛུགས་སྒོས་སློབ་སྦྱོང་བྱས་ཏེ། སྨན་དོན་མི་སྣ་གསོ་སྐྱོང་བྱེད་ཆེད་ལས་ཀ་མང་པོ་བསྒྲུབས། སྤྱི་ལོ1943ལོའི་ཟླ4པར། འཇར་དམག་གིས་དམག་ཤུགས་མང་བོ་བསྡུས་ནས་ཐང་རྫོང་དང་བན་རྫོང་རྒྱུད་དུ་གཙང་ཕྱག་བྱས་ཏེ། དམག་སྡེ་བརྒྱད་པའི་རྒྱབ་ཕྱོགས་ལས་ཁུངས་དང་སྨན་ཁང་རྩ་མེད་དུ་གཏོང་རྒྱུའི་རེ་ངན་བཅངས། སྐབས་དེར་ཝང་ཡུའུ་རོང་གིས་སློབ་མའི་སྣེ་ཁྲིད་དེ་དབྱང་ཅ་ཐའེ་རྒྱབ་ཕྱོགས་སྨན་ཁང་དུ་དངོས་སྦྱོང་བྱེད་བཞིན་ཡོད་པ་དང་། དགྲ་བོའི་གནས་ཚུལ་ཐོས་རྗེས་ཁོང་གིས་མྱུར་དུ་ཚོ་ཆུང་ཁ་ཤས་སུ་བགོས་ནས་དམག་དཔུང་དང་མཉམ་དུ་གནས་སྤོ་བྱས། དམག་དཔུང་ཝན་རྫོང་དུ་དགྲ་བོ་དང་འཕྲད་པ་དང་། མཚན་མོར་དཔུང་བཤགས་བྱེད་སྐབས་སྟབས་མ་ལེགས་པར་ཆིང་ཞུའུ་རི་བོའི་གཡང་གཟར་དུ་ལྷུང་ནས་སྐུ་གཤེགས། སྐབས་དེར་དགུང་ལོ42ཡིན།

2 རྗེས་རབས་པའི་དྲན་གསོ།

ཝང་ཡུའུ་རོང་སྐུ་གཤེགས་རྗེས། ཧུ་པེ་དབུས་རྒྱུད་དམག་ཁུལ་གྱིས་ཧྲེན་པེ་སྡེ་བར་ཁོང་ལ་མྱ་ངན་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ཤིག་འཚོགས་པ་མ་ཟད། ཁོང་གི་སྐུ་ཕུང་ཝན་རྫོང་དུ་དུར་འཇུག་བྱས།

3 མི་སྣའི་གཟི་བརྗིད་མཚན་སྙན།

སྤྱི་ལོ2015ལོའི་ཟླ8པར། ཝང་ཡུའུ་རོང་དམངས་སྲིད་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་ཁག་གཉིས་པའི་འཇར་འགོག་སྔོན་གཤེགས་དཔའ་བོ་དང་དཔའ་བོའི་ཚོགས་སྤྱི་གྲགས་ཅན་གྱི་མིང་ཐོའི་ནང་གདམས།


དཔྱད་གཞིའི་ཡིག་ཆ།