ལྟ་བའི་ཆུ་བོ།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2026-04-27 13:54ལ་འགྲུབ།

ལྟ་བའི་ཆུ་བོ།

①ལྟ་བའི་རྣམ་གྲངས་ཤིག་སྟེ། ལོག་པའི་ཐར་པ་དང་ཐར་པའི་ཐབས་ཚོལ་བ་ལ་ཞུགས་པ་རྣམས་ལྟ་བ་གནས་པ་དང་། མ་རིག་པ་གནས་སུ་འབྲེལ་བའི་ཚུལ་གྱིས་འཁོར་བའི་རྒྱུན་ཕྱོགས་སུ་སྦྱོར་བར་བྱེད་པས་ན་ལྟ་བའི་ཆུ་བོ་ཞེས་བྱའོ། ། ②མ་རིག་པ་དང་། ལྟ་བ་དང་། སྲིད་པ་དང་། སྲེད་པའི་ཆུ་བོ་བཞིར་གྲགས་པའི་ནང་གསེས་ཀྱི་ལྟ་བའི་ཆུ་བོ་སྟེ། ཁམས་གསུམ་གྱིས་བསྡུས་པའི་ལྟ་བ་ལྔའི་མིང་།
1 ​འགྲེལ་བ།

བརྡ་འགྲེལ་གདོང་འཛར།

མ་རིག་པ། སྲིད་པ། ཁམས་གསུམ།