ལྟ་བ་རྙེད་ཚུལ།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2026-04-27 09:27ལ་འགྲུབ།

ལྟ་བ་རྙེད་ཚུལ།

བག་ཆགས་མཐུག་པོ་སད་པའི་དབང་རྣོན་ཁ་ཅིག་ལ། ཐོག་མར་ལྟ་བ་ལྷང་གིས་ངེས་པའི་དེ་མ་ཐག་ཏུ། རང་ཉིད་ཀྱིས་སྔོན་བོར་བའི་དངོས་པོ་དང་གསར་དུ་ཕྲད་པ་ལྟ་བུའི་ཡིད་ལ་དགའ་བ་ཤུགས་ཆེན་པོ་སྐྱེ་བ་དང་། ངོ་མཚར་བའི་ཉམས་ལེགས་པར་ཐོན་པ་ཞིག་འོང་བར་གསུངས་ལ། འདི་ནི་སོ་སོ་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས། ཞེས་སོགས་གསུངས་པ་ལྟར་གྱི་རྙེད་ཚུལ་ཏེ། སྔོན་སྟོང་པ་ཉིད་ཀྱི་ལྟ་བའི་བག་ཆགས་མཐུག་པོ་བཞག་པ་སད་པའོ། །
དཀར་ཆག

འགྲེལ་བ།

1 འགྲེལ་བ།


བརྡ་འགྲེལ་གདོང་འཛར།

ལྟ་བ་རྙེད་ཚུལ། བག་ཆགས། དངོས་པོ།